ཨ་རི་དང་རྒྱ་ནག་གི་མཐུན་ཕྱོཌ་འབྲེལ་བ་བཟང་དུ་གཏོང་ཐབས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཨ་རི་དང་རྒྱ་ནག་ཡུལ་གཉིས་དབར་མཐུན་ཕྱོགས་ཀྱི་འབྲེལ་བ་བཟང་དུ་གཏོང་ཐབས་གནང་འཆར་ཡོད་འདུག

2009.02.18

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཡུལ་གཉིས་དབར་མཐུན་ཕྱོགས་ཀྱི་འབྲེལ་བ་བཟང་དུ་གཏོང་ཐབས་གནང་འཆར་ཡོད་འདུག

དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊོན་མཆོག་བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་ཀྱི་ཡོད་པ་དང་སྐབས་དེར་ཡུལ་གཉིས་དབར་ཚོང་འབྲེལ་ཙམ་མ་ཡིན་པར་ཁོར་ཡུག་གི་གནད་དོན་ཐོག་ལའང་གྲོས་མོལ་གནང་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག ཁོང་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་གཟིགས་བསྐོར་མ་ཕེབས་པའི་གོང་ཙམ་ལ་གསར་འགོད་པའི་བཅར་འདྲི་ཞུས་པའི་སྐབས་སྲིད་འཛིན་སྦུ་ཤིའི་སྲིད་གཞུང་སྐབས་དཔལ་འབྱོར་གྱི་གནད་དོན་ཐོག་ནུས་ཤུགས་ཆེ་བ་བཏོན་ཡོད་རེད་ཅེས་གསུངས་ནས་གང་ལྟར་ཁོང་གི་གནད་དོན་གཞན་ཁག་གི་ཐོག་ལའང་བཀའ་མོལ་གནང་རྒྱུའི་སྐོར་གསུངས་ཡོད་པ་ལྟར་ད་རེས་ཁོང་གི་ལྷན་དུ་ཨ་རིའི་གཤམ་གཤིས་ལས་དོན་ཚན་པའི་འབྲེལ་ཡོད་འགན་འཛིན་ཡང་ཕེབས་ཡོད་སྟབས་གལ་གནད་ཆེ་བའི་མཁའ་རླུང་གཙང་བཟོ་དང་ཁོར་ཡུག་གི་གནད་དོན་ཐོག་ལའང་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་ལུགས་བཀོད་འདུག

ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱུན་གཏན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་སྣང་དང་སྦྲགས་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་དུས་ཐེངས་འདིའི་གཟིགས་བསྐོར་སྐབས་སུའང་གྲོས་མོལ་གནང་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་གནད་དོན་འདིའི་ཐོག་དངོས་གསལ་དོད་པོའི་ཐོག་ནས་སྐྱོན་བརྗོད་ཞུས་པ་ཡིན་ན་ལས་དོན་གཞན་གྱི་ཐོག་ལའང་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས་བསྟུན་མཁས་ཀྱི་ཐོག་ནས་གླེང་སློང་གནང་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎