ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ཤེ་ཡའི་ཡུལ་གྲུར་འཚམས་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཏུ་གཟིགས་བསྐོར་དུ་ཕེབས་བཞིན་ཡོད་པའི་གནས་ཚུལ།

2009.02.16

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གི་ཐེངས་འདིའི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ནང་གཟིགས་བསྐོར་དུ་ཕེབས་བཞིན་པའི་ཐོག་མར་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་དུ་ཕེབས་འབྱོར་གནང་སྟེ་དེ་གར་ཉི་ཧོང་དང་ཨ་མི་རི་ཀའི་དབར་གཞུང་འབྲེལ་ཇེ་བཟང་དུ་གཏོང་རྒྱུའི་ཐོག་གཞན་ཡང་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞི་སོགས་ཀྱི་ཐོག་བཀའ་བསྡུར་གནང་འཆར་ཡོད་པ་རེད།

ཉི་ཧོང་གཞུང་གི་མགྲིན་ཚབ་པ་ཀྲ་ཀི་ཡོ་ཀ་ལྦ་མུ་ར་ཡིས་གསུང་དོན་ལ་ཉི་ཧོང་གིས་ཨ་རི་མཉམ་དུ་བྱང་ཀོ་རི་ཡའི་གནད་དོན་སོགས་ཀྱི་ཐད་བཀའ་གྲོས་གནང་རྒྱུ་ཡིན་ལུགས་གསུང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཉི་ཧོང་ནང་ལྷོ་ཀོ་རི་ཡ་དང་དེ་རྗེས་ཨིན་ཌོ་ནེ་ཤི་ཡ་དེ་རྗེས་རྒྱ་ནག་ཏུ་གཟིགས་བསྐོར་གནང་རྒྱུའི་འཆར་གཞི་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཐོག་མར་ཨ་རི་ནས་ཕེབས་ཐོན་མ་གནང་གོང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ།རང་དབང་ཁང་པ།འགྲོ་བ་མིའི་ཐོབ་ཐང་དང་པོ།རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང༌།ས་མཚམས་མེད་པའི་གསར་འགོད་ཚོགས་པ་སོགས་ཐོུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོ་མཆོག་གིས་རྒྱ་ནག་ནང་གཟིགས་བསྐོར་གནང་སྐབས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་ཡུལ་གྲུ་གཉིས་ཚོང་ལས་དཔལ་འབྱོར་སོགས་ཀྱི་འབྲེལ་བའི་གནད་དོན་ཁོ་ན་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་དེ་ཚོ་སྣང་ཆུང་དུ་བཞག་ཐབས་མེད་པའི་སྐོར་འབོད་སྐུལ་ཞུས་གནང་ཡོད་པ་སོགས་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎