ཨ་རིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད།

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་མི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་མི་སྣ་བཅུ་ཕྲག་ལྷག་ཅིག་འཕྲལ་དུ་གློད་འགྲོལ།

2011.04.09

༄༅༎གཟའ་པ་སངས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་གིས་ རྒྱ་ནག་གི་སྒྱུ་རྩལ་པ་གྲགས་ཅན་ཨེ་ལྦེ་ལྦེ་ལ་སོགས་པ་འདི་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་མི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་མི་སྣ་བཅུ་ཕྲག་ལྷག་ཅིག་འཕྲལ་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་གནང་འདུག་པར་མ་ཟད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསུངས་འདུག།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞིབ་འཇུག་གནང་པའི་གྲུབ་ཐོའི་ནང་ རྒྱ་ནག་གཞུང་གིས་སྔ་ལོ་ནས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་པ་དང་ བོད་དང་ཤར་ཏུར་ཀིསི་ཐན་གྱི་ནང་ དྲག་སྣོན་ཚད་ལས་བརྒལ་བའི་སྲིད་བྱུས་མུ་འཐུད་ལག་བསྟར་བྱེད་བཞིན་ཡོད་པ་འཁོད་འདུག།

ཕྱི་ལོ་༢༠༡༡གི་ལོ་གསར་པ་འདིའི་ནང་དཀྱིལ་ཤར་ཡུལ་གྲུའི་སྲིད་དབང་གཅིག་སྡུད་ཀྱི་ཡུལ་གྲུ་ཁག་གཅིག་གི་ནང་མི་མང་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་གནས་ཚུལ་འདི་བྱུང་མ་ཐག་རྒྱ་ནག་གི་འགོ་འཁྲིད་ཚོས་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ཚོའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཞིང་ གནད་དོན་དབྱེ་ཞིབ་པ་མང་པོས་བྱ་སྤྱོད་དེས་རྒྱ་ནག་གི་འགོ་འཁྲིད་ཚོར་རྒྱལ་ཁབ་སྐྱོང་བའི་གདེང་སྤོབས་ཧ་ཅང་ཆུང་ཆུང་ལས་མེད་པ་མཚོན་གྱི་ཡོད་པ་བརྗོད་བཞིན་ཡོད་པ་རེད།།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཊེན་མཆོག་གིས་རྒྱ་ནག་ནང་ཕྱི་ལོ་༢༠༡༡གི་ཆ་ཤས་དང་པོ་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཇེ་སྡུག་ཇེ་ཞེན་དུ་འགྲོ་བཞིན་ཡོད་པའི་མངོན་རྟགས་གསལ་པོ་ཐོན་བཞིན་ཡོད་པ་རེད་ཅེས་དང་ ཨ་མི་རི་ཀའི་ངོས་ནས་  སྟོབས་ཤུགས་ལྡན་པ་དང་འབྱོར་པ་ཆེ་བའི་རྒྱ་ནག་ཞིག་འབྱུང་རྒྱུར་དགའ་བསུ་ཞུ་གི་ཡོད་ འོན་ཀྱང་རྒྱ་ནག་གཞུང་གིས་ཨེ་ལྦེ་ལྦེ་སོགས་སྒྱུ་རྩལ་བ་དང་ བརྩོམ་པ་པོ་ ཁྲིམས་རྩོད་པ་ དེ་མིན་མཁས་པའི་མི་སྣ་ཉེས་མེད་འཛིན་བཟུང་བྱེད་བཞིན་པ་དེ་ནི་ གཞི་རིམ་གྱི་ཁྲིམས་དང་མི་མཐུན་པ་ཞིག་ཡིན་སྟབས་ ང་ཚོས་ཁོང་ཚོ་གློད་འགྲོལ་དགོས་རྒྱུར་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎