ཨས྄་ཊེལིཡ་ནང་ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་གནང་རྒྱུ་ཕྱིར་བསྡུ་དགོས་པ།
2008.04.14
༄༅༎ཨས྄་ཊེལིཡ་ གྲོས་ཚོཊ་ཀྱི་འཐུས་མི་ པི་ཊར་ སི་ལི་པར་ ཞུ་བས་ ཨས྄་ཊེལིཡ གཞུང་ལ་ཨོ་ལིམ་པིཀ་གི་དཔལ་འབར་ ཨས྄་ཊེལིཡ རྒྱལ་ས་ ཀེན་བྷི་ར་ ནང་བསྐོར་བསྐྱོད་གནང་རྒྱུ་ཕྱིར་བསྡུ་དགོས་ལུཊ་གསུངས་ཡོད་པ་རེད། དེ་ཡང་ཁོང་གིས་ ཨས྄་ཊེལིཡ་ནང་ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་ཀྱི་སྐབས་སུ་ད་རེས་ཉེ་དུས་དབྱིན་ཡུལ་གྱི་རྒྱལ་ས་ ལན་ཌོན་ དང་ ཕ་རན་ས྄་ཡི་རྒྱལ་ས་ པེ་རིས྄་ ཨ་རིཡི་གྲོང་ཁྱེར་ སེན་ཕ་རན་སེས྄་ཀོ་བཅས་ནང་། ངོ་རྒོལ་བྱུང་བ་ལྟར་ ཨས྄་ཊེལིཡ་རྒྱལ་ས་་ ཀེན་བྷེ་ར་ ནང་དེ་ལྟར་ངོ་རྒོལ་མི་ཡོང་བའི་ཆེད་ ཀེན་བྷི་ར་ ནང་དཔལ་འབར་བསྐོར་བསྐྱོད་ཀྱི་མཛད་འཆར་དེ། ཕྱི་བསྡུ་གནང་དགོས་སྐོར་གསུངས་ཡོད་པ་དང་། ཁོང་གིས་དེ་ནི་རྒྱ་ནག་གཞུང་ལ་བོད་ནང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་བཟོད་བསྲན་གནང་ཐབས་མེད་པའི་གོ་བ་དེ་ཡང་སྤྲོད་ཐུབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་ཨས྄་ཊེལིཡ་ཡི་ཨོ་ལིམ་པིཀ་རྩེད་འགྲེན་གོ་བསྒྲིག་ཚོཊ་ཆུང་གི་ཚོཊ་གཙོ་ཇོན་ཀོཊས྄་ཡིས་ད་ལྟའི་དུས་ལ་དེ་ལྟར་གནང་ཐབས་མེད་སྐོར་གསུངས་ཡོད་པ་དང༌། ཁོང་གིས་ད་རེས་ཨོ་ལིམ་པིཀ་ཡི་དཔལ་འབར་ལ་ངོ་རྒོལ་བྱུང་བཞིན་པའི་ཉམས་མྱོང་ལ་བརྟེན་ནས་ཕྱིས་འབྱུང་ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་དེ་མཛད་འཆར་དེ་རེཊ་ཀྱི་དགོས་མཁོའི་ཐད་བསམ་ཤེས་འཕར་མ་ཞིག་བྱ་དགོས་པ་གཟིཊ་ཀྱི་ཡོད་ཅེས་གསུངས་འདུག།