གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱ་གཞུང་ལ་གནོན་ཤུཌ།

རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གཞུང་ལ་བོད་པའི་གསར་འགོད་པ་གཉིས་འཕྲལ་དུ་གློད་འགྲོལ་གཏང་དགོས་པའི་དགོས་དོན།

2009.03.19

༄༅༎རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གཞུང་ལ་འཛིན་བཟུང་བྱས་པའི་བོད་པའི་གསར་འགོད་པ་གོ་སྤི་ཚང་དཀོན་མཆོག་ཚེ་དཔལ་ལགས་དང་འཇིགས་མེད་རྒྱ་མཚོ་ལགས་གཉིས་འཕྲལ་དུ་གློད་འགྲོལ་གཏང་དགོས་པའི་དགོས་དོན་བཏོན་འདུག

རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་མདོ་སྨད་མ་ཆུ་ཁུལ་ནས་ཡིན་པའི་བོད་རིགས་གསར་འགོད་པ་དཀོན་མཆོག་ཚེ་དཔལ་ལགས་འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་དྲུག་གི་ཉིན་ནག་ཉེས་གང་ཡིན་འགྲེལ་བརྗོད་མེད་པར་འཛིན་བཟུང་བྱས་ཡོད་ཅིང་ཁོང་ནི་དེ་སྔ་རྒྱ་གར་ནང་སྦིར་སུ་ཇ་སློབ་གྲྭའི་ནང་ལོ་ཤས་སློབ་སྦྱོང་བྱས་པ་དང་འདི་རྗེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོ་བཅས་ནང་སློབ་སྦྱོང་བྱས་རྗེས་མཐར་བོད་ནང་དགེ་རྒན་བྱེད་པ་དང་ཞོར་དུ་མཆོད་མེ་ཞེས་བོད་ཀྱི་རིག་གཞུང་གཅེས་སྲུང་དང་འབྲེལ་བའི་དྲ་རྒྱ་ཞིག་འཛིན་སྐྱོང་གནང་གི་ཡོད་འདུག རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གཞུང་ལ་བོད་རིགས་གསར་འགོད་པ་ཁོང་འཛིན་བཟུང་བྱ་དགོས་དོན་གང་ཡིན་མིན་དྲི་རྩད་བྱེད་ཀྱི་ཡོད་པ་རེད། ཕྱོགས་མཚུངས་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་ཨ་མདོ་བླ་བྲང་གི་གྲྭ་འཇིགས་མེད་རྒྱ་མཚོ་འམ་མཚན་གཞན་ལ་གོ་ལོག་འཇིགས་མེད་ཞུ་བ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་ཚོད་ཀྱི་གཡས་གཡོན་ཞིག་ལ་དཀར་ལྷོ་བོད་རིགས་རང་སྐྱོང་གི་དྲག་ཆས་ཉེན་རྟོག་པས་ཉེས་པ་གང་ཡིན་འགྲེལ་བརྗོད་མེད་པར་འཛིན་བཟུང་བྱས་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གཞུང་ལ་ཁོང་བོད་རིགས་གསར་འགོད་པ་གཉིས་འཕྲལ་དུ་གློད་འགྲོལ་དགོས་པ་དང་གཞན་མིན་ན་ཁོང་བོད་རིགས་གསར་འགོད་པ་གཉིས་ཀྱི་ནག་ཉེས་གང་ཡང་ངོ་སྤྲོད་དགོས་ཀྱི་ཡོད་པ་གསལ་པོ་བཟོ་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་ཡོད་ཅིང་ཁོང་ནི་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་ལ་ཕྱག་རོགས་གནང་མཁན་དེ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎