རྒྱ་ནག་ཏུ་དམངས་གཙོའི་བཅོས་བསྒྱུར་གྱི་ལམ་དུ་བསྐྱོད་རྒྱུའི་སྐུལ་མ།

རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་དེ་མང་གཙོའི་བཅོས་བསྒྱུར་གྱི་ལམ་དུ་བསྐྱོད་རྒྱུར་སྐུལ་འདེགས་ཆེན་པོ་གཏོང་ཐུབ་ཀྱི་རེད་ཅེས་གསུང་འདུག

2009.04.01

༄༅༎རྒྱ་ནག་ནང་ཡོད་པའི་མཁས་དབང་ཞིག་གིས་རྒྱ་ནག་ནང་གི་དཔལ་འབྱོར་གྱི་དཀའ་རྙོགས་དེས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་དེ་མང་གཙོའི་བཅོས་བསྒྱུར་གྱི་ལམ་དུ་བསྐྱོད་རྒྱུར་སྐུལ་འདེགས་ཆེན་པོ་གཏོང་ཐུབ་ཀྱི་རེད་ཅེས་གསུང་འདུག

དེ་ཡང་རྒྱ་ནག་དབུས་གཞུང་གི་དངོས་འཛིན་གནང་བའི་རྒྱ་ནག་གི་མཁས་དབང་དང་རྒྱ་ནག་དབུས་གཞུང་ཡིག་བསྒྱུར་ལས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ཡུའུ་ཀེ་ཕིང་ཡིས་མང་གཙོའི་བཅོས་བསྒྱུར་གྱི་ལས་དོན་ཐོག་ནས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབས་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུའི་ཐད་ཕན་ཐོགས་ཆེན་པོ་ཐོན་རྒྱུ་ཡིན་པ་རེད་ཅེས་དང་མང་གཙོ་དང་མི་མང་གི་འཚོ་བའི་ཐབས་ལམ་གཉིས་ཀར་རྒྱ་ནག་རྒྱལ་ཁབ་ཀྱི་ཐོག་ནས་རྩོད་ལེན་གནང་དགོས་ཡས་དེ་གལ་འགངས་ཆེན་པོ་ཞིག་ཡིན་པ་ལས་མང་གཙོ་ལྷོད་གཡེང་བཏང་བ་ཡིན་ན་ནོར་འཁྲུལ་ཆེན་པོ་རེད་ཅེས་གཞུང་འབྲེལ་སྙན་དེབ་དེའི་ནང་བཀོད་ཡོད་པརེད། གོང་ཞུས་རྒྱ་མི་རིགས་ཡུའུ་ཡིས་གཞུང་འབྲེལ་སྙན་དེབ་ནང་བཀོད་གནང་བའི་ནང་དོན་དེ་དག་ཟླ་བ་སྔོན་མ་སྐོངས་འཚོགས་གནང་བའི་རྒྱ་ ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་སྐབས་ལྦུའུ་པིང་ཀུའོ་ཡིས་བརྗོད་པའི་རྒྱ་ནག་གཞུང་གིས་དམར་ཤོག་གུང་ཁྲན་ཚོགས་པ་དེ་དོར་ཐབས་མེད་ཅེས་པའི་སྐད་ཆ་དེ་དང་འགལ་ཟླ་ཆགས་ཀྱི་ཡོད་པ་དང་རིང་མིན་རྒྱ་ནག་གནམ་བདེ་སྒོ་མོ་ཆེན་ཐང་ཆེན་གྱི་དོན་རྐྱེན་བྱུང་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་དྲན་གསོའི་སྔོན་ལའང་རྒྱ་མི་རིགས་ཡུའུ་ཡིས་བྲིས་རྩོམ་གནང་བའི་སྙན་རྩོམ་དེ་ཐོན་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎