སྲོག་ཁྲིམས་ཕོག་པའི་བོད་མིའི་གནས་སྟངས།

རྒྱ་ནག་གཞུང་གིས་ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་འཛུགས་འོག་སྲོག་ཁྲིམས་ཀྱི་ཉེས་པ་ཕོག་པའི་བོད་མི་རྣམས་ཀྱི་གནས་སྟངས་བློ་འཚབ་ཆེན་པོ་གྱུར་ཡོད་པ།

2009.05.22

༄༅༎ཕྱི་ཟླ་ལྔ་པའི་ཚེས་ཉེར་གཉིས་རེས་གཟའ་པ་སངས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་བཞི་ལ་ན་ནིང་བོད་ནང་གི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ནག་ཉེས་ཉེས་བཙུགས་བྱས་པ་ནས་བོད་མི་གསུམ་ལ་སྲོག་ཐོག་གི་ཉེས་ཆད་དང་བོད་མི་གཅིག་ལ་ཚེ་བཙོན་གྱི་ཉེས་ཆད་ཐག་གཅོད་བྱས་པ་ནས་བཟུང་ད་བར་ནང་མི་ཚོས་ཁོང་རྣམས་ག་པར་ཡོད་མེད་རྩ་བ་ནས་རྩད་གཅོད་དང་ཤིས་རྟོགས་ཐུབ་ཀྱི་མེད་པའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཆེན་པོར་གྱུར་ཡོད་པ་རེད།དེ་རིང་བཙོན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཉིན་དགུང་ལོ་ཉེར་བདུན་ཡིན་པའི་བློ་བཟང་རྒྱལ་མཚན་ལགས་དང་།དགུང་ལོ་ཉེར་གཉིས་ཡིན་པའི་རྐང་འཛུགསལགས།དེ་བཞིན་དགུང་ལོ་ཉེར་ལྔ་ཡིན་པའི་ལོ་ཡག་ལགས་བཅས་ལ་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་པའི་གསལ་བསྒྲགས་བྱས་པ་དང་།རྒྱ་ནག་གི་ཁྲིམས་ལུགས་ནང་འཁོང་པར་གཞིགས་ན་འབྲིང་རིམ་ཁྲིམས་ཁང་གིས་སྲོག་ཐོག་གི་ཉེས་ཆད་བྱ་རྒྱུའི་གྱོད་དོན་དེ་ཐག་གཅོད་མ་བྱས་གོང་གོ་གཟའ་འཁོར་དྲུང་ནང་ཚུད་ལ་ངེས་པར་དུ་ཆེས་མཐོའི་ཁྲིམས་ཁང་དུ་གོ་བསྡུར་སྙན་སེང་ཞུ་དགོས་ཀྱི་ཡོད་ཀྱང་བོད་མི་ལྔ་པོ་དེ་རྣམས་ད་ཆ་གར་ཡོད་རྩ་བ་ནས་ཤེས་རྟོགས་མེད་པར་ད་བར་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་འགྲོ་ཡི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎