ཅེཀ་སྲིད་འཛིན་ལ་བོད་དོན་སྐོར་བཀའ་མོལ་གནང་བའི་འབོད་སྐུལ།

ཅེཀ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་འཛིན་མཆོག་ལ་རྒྱ་ནག་ལྷན་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ།

2009.05.16

༄༅༎ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཟླབ་འདིའི་ཕྱི་ཚེས་ཉི་ཤུ་ཉིན་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་བར་གྱི་ལྷན་ཚོགས་གནང་བའི་སྐབས་ཅེཀ་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་ཡོད་པ་རེད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནི་ཡོ་རོབ་རྒྱལ་ཁབ་ཁག་ཉི་ཤུ་རྩ་བདུན་ཡོད་པའི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་རེས་མོས་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པར་བརྟེན་ནས་ད་རེས་ཅེཀ་ཀྱི་རྒྱལ་ས་པཱ་རག་ནང་འཚོག་རྒྱུའི་ཡོ་རོབ་དང་རྒྱ་ནག་བར་ཚོང་ལས་དང་མཉམ་འབྲེལ་གྱི་ལས་དོན་བྱ་ཕྱོགས་ཐོག་གི་ལྷན་ཚོགས་དེའི་གཙོ་སྐྱོང་གནང་རྒྱུ་ཡིན་ཞིང་ཅེཀ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇའཀ་ཡིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ལྷན་དུ་ཚོང་ལས་ཀྱི་འབྲེལ་ལམ་བྱེད་ཐབས་མེད་པ་ཞིག་ཡིན་ནའང་དེའི་མཉམ་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐེ་ཇུས་མ་བྱས་པར་ཞི་འཇམ་དུ་གནས་ཐབས་མེད་པའི་སྐོར་གསུངས་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ཚོས་ཀྱང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་བར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་རྒྱུར་ངེས་པར་དུ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་གཙོ་བོའི་འགན་འཁུར་བཞེས་རྒྱུའི་འགན་ཁྲི་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་དང་རྒྱ་ནག་བར་གྱི་ལྷན་ཚོགས་དེར་དགའ་བསུ་གནང་གི་ཡོད་པ་མ་ཟད་༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་ནག་འཛམ་གླིང་སྤྱི་ཚོགས་ནས་ལོགས་སུ་མི་འཇོག་པར་འཛམ་གླིང་གི་ཁོར་ཡུག་ནང་མཉམ་དུ་འཇུག་དགོས་པའི་དགོངས་གཞི་རྒྱ་ཆེན་པོ་བཞེས་གནང་གི་ཡོད་པའི་སྐོར་དང་ཁོང་གི་ངོས་ནས་ཀྱང་རེས་གཟའ་ཕུར་བུའི་ཉིན་འཚོག་རྒྱུའི་ཕྱོགས་གཉིས་ཀྱི་ལྷན་ཚོགས་དེ་ནི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་སྐུ་ཚབ་བར་ལ་བོད་རྒྱའི་དཀའ་རྙོག་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱ་དགོས་པའི་གནད་དོན་དང་ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་ སྟངས་སྐོར་གླེང་མོལ་གནང་རྒྱུའི་གོ་སྐབས་ཤིག་ཡིན་པར་བརྟེན་ནས་ངེས་པར་དུ་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎