༧གོང་ས་མཆོག་(Frankfurt)་རུ་ཞབས་སོར་འཁོད་གནང་མཛད་འདུག
2017.09.13

བྱང་ཨཡེར་ལེནཌ་གྱི་མཛད་འཆར་ཁག་གྲུབ་རྗེས་ཇར་མན་གྱི་གྲོང་ཁྱེར་ (Frankfurt)་རུ་ཞབས་སོར་འཁོད་བསྟུན་མཛད་འཆར་དབུ་འཛུགས་གནང་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༢ ་ཉིན་ འཇར་མན་གྲོང་ཁྱེར་(Frankfurt)་ནང་ཞབས་སོར་བཀོད་ཡོད་ཅིང་། ཕྱི་ཚེས་ ༡༣་གྱི་སྔ་དྲོ་བཞུགས་གནས་མགྲོན་ཁང་དུ་རྒྱ་རིགས་ཁག་ཅིག་ལ་དམིགས་བསལ་མཇལ་འཕྲད་གནང་བ་དང་། དེའི་རྗེས་༧གོང་ས་མཆོག་ནས་(Hese)་ཧེ་སེའི་མངའ་སྡེའི་ཁོངས་ཀྱི་སློབ་གྲྭ་འདྲ་མིན་ནས་དམིགས་བསལ་འདེམས་སྒྲུག་བྱས་པའི་སློབ་མ་༡༦༠༠ ་ཙམ་ལ་ཐོུང་གི་ཐོག་ནས་འབྱུང་འགྱུར་འཛུཊ་བསྐྲུན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད།
ཡང་ཕྱི་དྲོ་གོང་ས་མཆོག་གིས་གོ་ལའི་བཟང་སྤྱོད་ཀྱི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་གནང་ཡོད་པ་རེད།
ཕྱི་ཚེས་ ༡༤ ་ཉིན། གྲོང་ཁྱེར་དེའི་ནང་ནུབ་ཕྱོགས་པའི་ཚན་རིག་རྣམ་གཞག་དང་། ནང་པའི་ལྟ་ཚུལ། ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོག་སྔ་དྲོའི་ཚོགས་ཐུན་སྐབས་ཆིབས་བསྒྱུར་བསྐྱང་གནང་རྒྱུ་དང་། ཡང་ཕྱི་ཚེས་ ༡༦ ་ཉིན། ཨི་ཊ་ལིའི་ Italy་སི་སི་ལིའི་ Sicily་མངའ་སྡེའི་ཊོར་མི་ན་(Taormina)གྲོང་ཁྱེར་ནང་གི་གནའ་བོའི་གྷི་རི་ཁི་དང་རོ་མན་འཁྲབ་སྟོན་ཁང་དུ་ཞི་བདེའི་སྐོར་མི་མང་ལ་བཀའ་སློབ་བསྩལ་འཆར་ཡོད་འདུག་ལ། ཡང་ཕྱི་ཚེས་ ༡༧ ་ཉིན། ཨི་ཊ་ལིའི་(Sicily)་མངའ་སྡེའི་མེ་སི་ན་ Messina་གྲོང་ཁྱེར་ནང་ ༧གོང་ས་མཆོག་གིས་བྱམས་བརྩེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཉམས་ལེན་བྱ་ཚུལ་དང་། རྟེན་འབྲེལ་གྱི་རྣམ་གཞག་སྐོར་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༨ ་ཉིན། སི་སི་ལི་Sicily་མངའ་སྡེའི་པ་ལེར་མོ་ Palermo་གྲོང་ཁྱེར་ནང་དུ། ཤེས་ཡོན་ལ་སྤྲོ་སྣང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༩ ་ཉིན། (Florence)་གྲོང་ཁྱེར་ནང་ཤེས་ཡོན་གྱི་ལམ་ནས་ཞི་བདེ་བསྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༠ ་ནས་ ༢༡ ་གཉིས་རིང་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དང་ཚན་རིག་བར་གྱི་བགྲོ་གླེང་ཚོགས་ལྷན་ཚོགས་ཐོག་ཆིབས་སྒྱུར་བསྐྱང་འཆར་ཡོད་ཅིང་། སྐབས་དེར་ཀླད་ཁམས་དང་ཚད་རྡུལ་ཕྲ་མོའི་དངོས་ཁམས་རིག་པའི་རྣམ་གཞག དེ་བཞིན་ནུབ་ཕྱོགས་པའི་ལྟ་གྲུབ་རྣམ་གཞག་སྐོར་བགྲོ་གླེང་མཛད་རྒྱུ་དང་། དེ་ནི་ཕེ་ས་སློབ་ཆེན་དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་ཐུན་མོང་གི་གོ་སྒྲིག་ཞུ་བཞིན་ཡོད་འདུག
ཕྱི་ཚེས་ ༢༣་དང་༢༤ ་གཉིས་རིང་༧གོང་ས་མཆོག་གིས་ལ་ཏི་ཝ་ཡའི་ Latviaའི་རྒྱལ་ས་(Riga)་གྲོང་ཁྱེར་ནང་སློབ་དཔོན་ཀམལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ཆོས་འབྲེལ་བསྩལ་གནང་རྒྱུ་ཡིན་ཞིང་།
ཕྱི་ཚེས་ ༢༥ ་ཉིན་རྒྱལ་མཚམས་མེད་པའི་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
གསར་འགོད་པ་རྡོ་རྗེ་འཚོ།