སོག་པའི་མི་མང་གི་རེ་བ་དང་མངོན་འདོད་བསྐང་ཐུབ་པའི་ཐུགས་སྨོན།

2021.06.12
སོག་པའི་མི་མང་གི་རེ་བ་དང་མངོན་འདོད་བསྐང་ཐུབ་པའི་ཐུགས་སྨོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་ གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་། ཨུ་ཀི་ན་ཀུ་རེལ་སུ་ཀ་ (Uknaa Kurelsukh) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་འདུག
ཨེ་ཨེཕ་པི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བདམས་ཐོན་སྲིད་འཛིན་མཆོག་ནས་སོག་པའི་མི་མང་གི་རེ་བ་དང་མངོན་འདོད་བསྐང་ཐུབ་པའི་སྨོན་འདུན་ཡོད་ཅེས་། གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་། ཨུ་ཀི་ན་ཀུ་རེལ་སུ་ཀ་ (Uknaa Kurelsukh) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་འདུག

དེ་ཡང་ཕྱི་ཚེས་༡༡ཉིན་། བོད་མིའི་དབུ་ཁྲིད་༧་སྤྱི་ནོར་༧གོང་ས་མཆོག་གིས་སོག་པའི་སྲིད་འཛིན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ནང་། ༧གོང་ས་མཆོག་ཐོག་མར། ཕྱི་ལོ་ ༡༩༧༩ ལོར་ཐེངས་དང་པོ་སོག་པོར་ཕེབས་པའི་སྐབས་ཐུགས་དགྱེས་འཚོར་ཆེན་པོ་བྱུང་བ་དྲན་གསོ་གནང་བཞིན། ༧གོང་ས་མཆོག་ནས་ད་བར་འགྲོ་བ་མིའི་རིན་ཐང་དང་། དེ་བཞིན་ནང་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་རབས་ཤེས་ཡོན་ཟུང་འབྲེལ་གོང་མཐོར་གཏོང་བཞིན་པའི་ཐད་ལ་ཤུགས་སྣོན་བསྐྱོན་བཞིན་ཡོད་པར། དེར་སོག་པོའི་རྒན་གཞོན་ཕོ་མོ་ཡོངས་ནས་དགའ་མོས་དང་འབད་བརྩོན་གནང་གི་ཡོད་སྟབས་ངོས་རང་ལ་སེམས་ཤུགས་བསྐྱེད་བྱུང་ཞེས་དང་། ལོ་རྒྱུས་ཀྱི་ཐོག་ནས་སོག་པོའི་མི་མང་དང་བོད་མི་ཚོ་མཚེ་མ་ལྟ་བུའི་ངང་གནས་ཡོད་པ་གསུངས་ཡོད་པ་རེད།

ཡང་༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་ནས། ༧རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་བཟུང་ ༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་རྣམས་སོག་པོ་མི་མང་དང་ཐུན་མོང་

མ་ཡིན་པའི་འབྲེལ་བ་ཉེ་པོ་ཡོད་པ་དང་། ངོས་ནས་སོག་པོ་ལུང་པར་སླེབས་པའི་སྐབས་བཤད་པ་ནང་བཞིན། སོག་པོའི་ལུང་པར་ཆོས་ལུགས་གཞན་མང་པོ་ཡོད་ནའང་ལོ་རྒྱུས་ཐོག་ནས་ ནང་ཆོས་ཀྱིས་སོག་པོ་མི་མང་གི་ཆོས་སེམས་དང་། ངོ་བོ། རིག་གཞུང་བཅས་བཟོ་ལྟ་བཟོས་ཡོད་པ་དང་། ནང་པ་སངས་རྒྱས་པའི་གཞུང་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་བརྩེ་དང་འཚེ་བ་མེད་པའི་སྐོར་གཙོ་བོར་གསུང་གི་ཡོད།

བྱམས་བརྩེ་དང་འཚེ་བ་མེད་པས་མི་གང་ཟག་སྒེར་སོ་སོའི་ཆོས་དད་ལ་འགལ་ཟླ་མེད་པར་ ཕན་གྱི་ཡོད། ངོས་ནས་སྐུ་ཉིད་དང་སྐུ་ཉིད་ཀྱི་གཞུང་གིས་དེ་ལྟ་བུའི་རིན་ཐང་མུ་མཐུད་ཉར་ཚགས་དང་རྒྱབ་སྐྱོར་གནང་བའི་རེ་བ་བྱ་བཞིན་ཡོད། དེང་སང་སོག་པོའི་ནང་ཕྱི་དངོས་པོའི་ཐད་ནས་ཡར་རྒྱས་སེམས་འགུལ་ཐེབས་པ་བྱུང་ཡོད། དེར་རྗེས་སུ་ཡི་རང་ཞུ་གི་ཡོད། ཕྱི་དངོས་པོའི་ཡར་རྒྱས་དེས་ཏན་ཏན་སོག་པོ་མི་མང་དཀྱུས་མ་རྣམས་ཀྱི་འཚོ་བ་འཕེལ་རྒྱས་སུ་གཏོང་ཐུབ་ངེས་ཡིན་པའི་ངོས་ལ་གདེང་ཚོད་ཡོད། བདམས་ཐོན་སྲིད་འཛིན་མཆོག་གིས་སོག་པོ་མི་མང་གི་རེ་བ་དང་མངོན་འདོད་བསྐང་ཐུབ་པའི་སྨོན་འདུན་ཡོད་ཅེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བདམས་ཐོན་སྲིད་འཛིན་ལ་གནང་བའི་འཚམས་འཕྲིན་ནང་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎