བོད་དོན་གསལ་རྟོགས་ཆེད་རྒྱ་རིགས་མི་དམངས་ལ་འབྲེལ་གཏུཌ།

བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ངོས་ནས་རྒྱ་རིགས་མི་མང་ལ་ཐད་ཀར་འབྲེལ་གཏུགས་ཀྱི་བོད་དོན་གསལ་རྟོགས་གནང་རྒྱུ།

2009.05.21

༄༅༎བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་མཉམ་སྔ་རྗེས་འབྲེལ་མོལ་ཐེངས་མང་གནང་ཡང་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་སྤྲད་མེད་སྟབས་ད་ཆ་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ངོས་ནས་རྒྱ་རིགས་མི་མང་ལ་ཐད་ཀར་འབྲེལ་གཏུགས་ཀྱི་བོད་དོན་གསལ་རྟོགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དེང་ཉི་ཧོང་ཁུལ་དུ་ཕེབས་གནང་ཡོད་པ་དང་རེས་གཟའ་ལྷག་པའི་ཉིན་ཁོང་གིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་རུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སྐོར་ངོ་སྤྲོད་གནང་ ཡོད་པ་རེད། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་ན་སྔ་ལོ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་ཐོག་གྲུབ་འབྲས་གང་ཡང་ཐོན་མེད་པ་མ་ཟད་ད་ཆ་རྒྱ་ནག་གཞུང་གིས་ཞི་མོལ་མུ་མཐུད་གནང་རྒྱུའི་གྲ་སྒྲིག་ཡོད་མེད་སྐོར་བརྡ་ལན་གང་ཡང་མེད་པ་རེད། བཙན་བྱོལ་བོད་གཞུང་ངོས་ནས་རྒྱ་ནག་གཞུང་དང་དོན་དམ་གྱི་ཞི་མོལ་གནང་རྒྱུའི་གྲ་སྒྲིག་ཡོད་མུས་ཡིན་ཡང་ཆབས་ཅིག་རྒྱ་ནག་གཞུང་ཕྱོགས་ནས་ཞི་མོལ་གནང་འདོད་ཡོད་མིན་སྐོར་གསལ་ཁ་གང་ཡང་མེད་པར་སོང་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ངོས་ནས་རྒྱ་རིགས་མི་མང་ལ་བོད་དོན་གསལ་རྟོགས་སླད་ཐད་ཀར་འབྲེལ་གཏུགས་ཀྱི་ལས་དོན་རྒྱ་ཆེར་གཏོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བ་ཞིག་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་རིགས་མི་མང་ལ་བོད་དོན་གསལ་རྟོགས་ཀྱི་ལས་དོན་ནང་རྒྱལ་སྤྱིའི་ཡུལ་ཁག་ནང་རྒྱ་རིགས་དང་བོད་རིགས་མཐུན་ཚོགས་གང་མང་གསར་འཛུགས་གནང་ཐབས་དང་དེ་བཞིན་བོད་ཀྱི་ནང་ཆོས་དང་རིག་གཞུང་སྐོར་རྒྱ་ཡིག་ཐོག་གང་མང་དཔར་བསྐྲུན་གནང་རྒྱུ་ཡིན་པ་བཅས་གསལ་འདོན་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎