རྒྱ་གཞུང་གིས་༸གོང་ས་མཆོག་ལ་ཇི་ལྟར་བརྩི་དགོས་ལུགས།

ཨ་རི་སྲིད་འཛིན་མཆོག་གི་རྒྱལ་སྲུང་སློབ་སྟོན་པས་༸གོང་ས་མཆོག་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡིན་པ་ལས་དཀའ་རྙོག་བཟོ་མཁན་མིན།

2009.05.02

༄༅༎ཁ་ས་རེས་པ་སངས་ཉིན་ཨ་རིའི་མི་སེར་ཡིན་པའི་རྒྱ་མི་རིགས་བརྒྱའི་ཚོགས་སྡེ་ཞེས་པའི་ཚོགས་འདུ་ཞིག་གི་ཐོག་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཇེཕ་སྦ་ཌར་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་པར་བརྟེན་རྒྱ་ནག་དང་ཨ་རི་གཉིས་བར་འབྲེལ་བའི་བརྒྱུད་རིམ་ནང་མི་མཐུན་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་རེད་ཅེས་གསུངས་འདུག

དེ་དང་ཕྱོགས་མཚུངས་ཁོང་གིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་བོད་རྒྱའི་དཀའ་རྙོག་སེལ་མཁན་གྱི་བརྒྱུད་ལམ་ཡིན་པར་ངོས་འཛིན་བྱ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཁྱེད་རང་ཚོས་ངོས་ནས་ཀྱང་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོར་གནས་ཚུལ་འདི་གོ་རྟོག་ཐུབ་པ་ཞིག་བཟོ་རྒྱུར་མཐུན་འགྱུར་བྱ་དགོས་པའི་འབོད་སྐུལ་གནང་འདུག

ཡང་གོང་ཞུས་ཚོགས་འདུ་དེའི་ཐོག་ཨ་རིའི་སྲིད་འཛིན་ཟུར་པ་སྦིལ་ཀི་ལིན་ཊན་མཆོག་གི་སློབ་སྟོན་པ་སྐུ་ཞབས་ཀེན་ལི་པར་ཐལ་གྱིས་༸གོང་ས་མཆོག་གི་ཐོག་རྒྱ་ནག་གཞུང་དང་ཨ་རིའི་མི་མང་གི་བལྟ་ཚུལ་ཐོག་ཁྱད་པར་ཆེན་པོ་ཡོད་པ་མ་ཟད་འཛམ་གླིང་མི་མང་ཚོས་༸གོང་ས་མཆོག་ནི་བཟང་སྤྱོད་དང་ཆོས་ཕྱོགས་གང་གི་ཐོག་ནས་ཁྱད་པར་ཅན་གྱི་གུས་བཀུར་ཞུ་འོས་པའི་གལ་ཆེའི་མི་སྣ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་རེད།

དེ་འདྲ་ཡིན་དུས་ཇི་སྲིད་རྒྱ་མི་ཚོས་འཛམ་གླིང་གཞན་གྱི་བསམ་ཚུལ་དང་ལྟ་ཚུལ་ཤེས་རྟོག་ཐུབ་པ་ཞིག་མ་བྱུང་བར་བོད་རྒྱའི་དཀའ་རྙོག་སེལ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་ལྷག་པར་དུ་༸གོང་ས་མཆོག་དགོངས་པ་རྫོགས་པའི་རྗེས་དེ་བས་ཀྱང་གནས་ཚུལ་བཟང་དུ་འགྲོ་རྒྱུའི་ཚབ་ཏུ་མ་འོངས་པའི་བོད་མི་ཚོས་རྒྱ་ནག་ལ་ཁག་པོ་བཟོ་རྒྱུའི་ཉེན་ཁ་ཡོད་རེད་ཅེས་གང་ལྟར་ཨ་རིའི་གཞུང་གི་གནད་དོན་མི་སྣ་ཚོས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ནི་ཐབས་ལམ་བཟང་ཤོས་དང་རྒྱ་ནག་རང་ཉིད་ལའང་ཕན་ཐོག་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎