༧གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན།

ཨོ་སི་ཀྲོ་ལི་ཡའི་སྙན་གྲགས་ཅན་གྱི་འགྲེམས་སྟོན་ཁང་ནས་༸གོང་ས་མཆོག་གི་སྐུ་དཔར་ཁག་ཅིག་མང་ཚོགས་ལ་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ།

2011.05.26

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༦པའི་ནང་ཨོ་སི་ཀྲོ་ལི་ཡ་(Australia)ཁུལ་དུ་ཆིབས་བསྒྱུར་གྱི་སྔོན་ཚུད་ནས་ ༸གོང་ས་མཆོག་ལ་ཆེ་བསྟོད་དང་ གོང་ས་མཆོག་གི་ཆིབས་བསྒྱུར་ལ་དགའ་སྟོན་ཞུ་ཆེད་ Custom House ཞེས་ཨོ་སི་ཀྲོ་ལི་ཡའི་སི་དྲི་ནི་གྲོང་ཁྱེར་རུ་ཡོད་པའི་སྙན་གྲགས་ཅན་གྱི་འགྲེམས་སྟོན་ཁང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ཁག་ཅིག་མང་ཚོགས་ལ་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎

གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་གྱི་འགྲེམས་སྟོན་དེ་བཞིན་Custom House ཞེས་པའི་འགྲེམས་སྟོན་ཁང་ནང་ ཕྱི་ཟླ་༦པའི་ཚེས་༡ནས་ཚེས་༣༡བར་ ཟླ་བ་གཅིག་རིང་འགྲེམས་སྟོན་ཞུ་རྒྱུ་དང་ འགྲེམས་སྟོན་གྱི་སྐུ་དཔར་དེ་དག་དྲེ་ལྦིདྲ་རོ་སྦཏ་(David Robert)ཞུ་བའི་དཔར་པ་སྙན་གྲགས་ཅན་གྱིས་དེ་སྔ་༢༠༠༧ལོར་ གོང་ས་མཆོག་ཨོ་སི་ཀྲོ་ལི་ཡ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་ གོང་ས་མཆོག་ལ་དམིགས་བསལ་གྱི་བཀའ་ཁྲོལ་ཞུས་པའི་ཐོག་ནས་༸གོང་ས་མཆོག་གི་གཟིམ་ཆུང་དུ་སྐུ་སྒེར་གྱི་དཔར་ལེན་ཐོག་མར་ཞུས་པ་དང་ དེ་རྗེས་ལོ་མང་རིང་༸གོང་ས་མཆོག་ལ་སྐུ་སྒེར་གྱི་དཔར་ལེན་བསྟུད་མར་ཞུས་པའི་ཁོང་ནས་དཔར་རིགས་འདེམས་སྒྲུག་ཞུས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎