༸གོང་ས་མཆོག་གིས་བོད་རྒྱའི་གྲོས་མོལ་གནང་གལ་ཆེ་བཀའ་སྩལ་བ།

༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་དབར་ ཛ་དྲག་གི་གྲོས་མོལ་གནང་གལ་ཆེ་བའི་སྐོར་བཀའ་གནང་འདུག

2008.04.26

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་དབར་ཛ་དྲག་གི་གྲོས་མོལ་གནང་ གལ་ཆེ་བའི་སྐོར་བཀའ་གནང་འདུག དེ་ཡང་༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལར་༧ཞབས་སོར་འཁོད་སྐབས་གསར་འགོད་པས་བཀའ་འདྲི་ཞུས་པའི་ལན་དུ་ གལ་ཏེ་འདི་ལོ་སྥྱི་ཟླ་བརྒྱད་པའི་ནང་ཚུགས་རྒྱུའི་ཨོ་ལིམ་ཕིག་རྩེད་འགྲན་མ་ཚར་བར་རྒྱལ་སྤྱིའི་ཐུགས་འཚབ་དང་གནོན་ཤུགས་ཞི་ཐབས་ ཁོ་ནར་དམིགས་པ་ཡིན་ན་དོན་སྙིང་ལྡན་པ་མེད་སྐོར་༧གོང་ས་མཆོག་གིས་བཀའ་གནང་ཡོད་ཅིང་ བོད་རྒྱའི་དཀའ་རྙོག་གི་རྒྱུ་རྐྱེན་ཇི་ཡིན་དང་ དཀའ་རྙོག་སེལ་བའི་ཐབས་ལམ་ཇི་ཡོད་ལ་གྲོས་མོལ་མཐིལ་ཕྱིན་པ་གནང་གལ་ཆེ་ལུགས་༧གོང་ས་མཆོག་གིས་མུ་མཐུད་བཀའ་གནང་འདུག ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༢༠༠༨ལོའི་ཕྱི་ཟླ་༤པའི་ཚེས་༩ཉིན་ཨ་རིར་ཆིབས་བསྒྱུར་བསྐྱངས་ཏེ་ མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ཕྱི་ཟླ་༤པའི་ཚེས་༢༦ཉིན་བཞུགས་སྒར་དུ་ཞབས་སོར་འཁོད་ཡོད་པ་རེད་ ཡང་ཕྱི་ལོ་༢༠༠༨ལོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་༤༩པའི་ཐོག་སྩལ་བའི་ཡོངས་ཁྱབ་ གསུང་འཕྲིན་ནང་ བོད་ཀྱི་དཀའ་རྙོག་ནི་ཆབ་སྲིད་དང་སྤྱི་ཚོགས་ ཁྲིམས་དོན་ འགྲོ་བ་མིའི་ཐོབ་ཐང་ ཆོས་དང་ལེགས་བྱང་ མི་རགས་ཀྱི་ངོས་འཛིན་ དཔལ་འབྱོར་ རང་བྱུང་ཁོར་ཡུག་སོགས་དོན་གནད་སྣ་མང་དང་འབྲེལ་བ་གཏིང་ཟབ་ཡོད་པའི་རྙོག་འཛིང་ཆེ་བ་ཞིག་ཡིན་སྟབས་དེ་སེལ་བའི་ཐབས་ལམ་ཡང་ ཕྱོགས་གཅིག་གི་ཁེ་ཕན་ཁོ་ནར་མ་བལྟས་པར་ཀུན་ཕན་ཡོངས་ཁྱབ་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པར་བརྟེན་གཉིས་སྨན་དབུ་མའི་ལམ་གྱི་ སྲིད་བྱུས་དམ་འཛིན་གྱི་ཐོག་ནས་ལྷག་བསམ་རྣམ་དག་དང་ ཁ་ཞེ་གཉིས་མེད་ཀྱིས་འབད་རྩོལ་རྒྱུན་འཁྱོངས་གནང་ཡོད་པ་དང་ དབུ་མའི་ལམ་གྱི་སྲིད་བྱུས་དང་ བོད་རྒྱའི་འབྲེལ་མོལ་མུ་མཐུད་བྱ་རྒྱུར་འགྱུར་བ་མེད་ཅེས་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎