༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དཔོན་རིཊ་བར་འབྲེལ་ཐུག་སྐོར་བཀའ་གནང་ཡོད་པ།

༧གོང་ས་མཆོག་གིས་བོད་ནང་བྱུང་བའི་བོད་མིའི་ཞི་བའི་གྱེན་ལངས་ཀྱི་དོན་རྐྱེན་གྱི་རྗེས་སུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་གཞུང་འབྲེལ་དཔོན་རིཊ་བར་འབྲེལ་ཐུག་ཅིག་དབུ་བཙུཊ་གནང་ཐུབ་ཡོད་པའི་སྐོར་བཀའ་གནང་འདུག

2008.04.14

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ད་རེས་བོད་ནང་བྱུང་བའི་བོད་མིའི་ཞི་བའི་གྱེན་ལངས་ཀྱི་དོན་རྐྱེན་གྱི་རྗེས་སུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཀྱི་བར་འབྲེལ་ཐུག་ཅིག་དབུ་བཙུགས་གནང་ཐུབ་ཡོད་པའི་སྐོར་་ ཨརིའི་ ཉིའུ་ཡོག་ཊཡེས྄་ གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༧མགོང་ས་མཆོག་གིས་རྒྱ་ནག་གཞུང་གི་དཔོན་རིགས་དང་༧གོང་ས་མཆོག་གི་དབར་དངོས་སུ་འབྲེལ་ཐུག་མེད་ནའང་། ད་རེས་ཉིན་ཤས་ནང་༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་གཞུང་འབྲེལ་དཔོན་རིགས་ཀྱི་བར་འབྲེལ་ཐུག་གནང་འགོ་བཙུཊ་ཡོད་སྐོར་བཀའ་གནང་ཡོད་པ་རེད། དེ་ནི་ད་ལྟ་བོད་ནང་བོད་མིའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱུང་བའི་རྗེས་རྒྱལ་སྤྱིའི་ཡུལ་ཁག་གི་དབུ་ཁྲིད་ཁག་གིས་རྒྱ་ནག་གཞུང་ལ་བོད་ནང་བོད་མིར་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱེད་ནས། བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་སླད་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ལྷན་དུ་གྲོས་མོལ་ལ་ཞུགས་དགོས་པའི་གནོན་ཤུཊ་ཤུཊ་ཆེ་སྤྲོད་བཞིན་ཡོད་པ་དང་། ཕ་རན་ས྄་ཡི་སྲིད་འཛིན་གྱི་གཙོས་པའི་རྒྱལ་སྤྱིའི་དབུ་ཁྲིད་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཐབས་ལ་༧གོང་ས་མཆོག་དང་ལྷན་དུ་གྲོས་མོལ་ལ་མ་ཞུཊ་པ་ཡིན་ན་ཕ་རན་ས྄་སྲིད་འཛིན་མཆོག་རྒྱ་ནག་ནང་ཚུཊ་རྒྱུའི་ཨོ་ལིམ་པིཀ་ཡི་རྩིད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་ནང་ཞུགས་གནང་རྒྱུ་མིན་པ་སོཊ་ཀྱིས་ཤུཊ་གནོན་གང་ཆེ་སྤྲོད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎