ཌེན་མག་སྲིད་བློན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཆར།

ཌེན་མག་གི་སྲིད་བློན་མཆོག་གིས་སླར་ཡང་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད།

2009.03.19

༄༅༎ཌེན་མག་གི་སྲིད་བློན་མཆོག་གིས་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ད་ལོའི་སྤྱི་ཟླ་ལྔ་པའི་ནང་ཌེན་མག་ལ་ཆིབས་བསྒྱུར་བསྐྱང་གནང་མཛད་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདོད་ཡོད་པར་གསུངས་འདུག

དེའང་ད་རེས་རེས་གཟའ་ཕུར་བུའི་ཉིན་ཌེན་མག་གྲོས་ཚོགས་ཀྱི་གནས་ཚུལ་ཡོང་ཁུངས་ཤིག་ནས་ཌེན་མག་གི་སྲིད་བློན་ཨེན་ཌར་སི་ཕོ་ར་སི་མུ་སེན་མཆོག་གིས་ད་ལོའི་སྤྱི་ཟླ་ལྔ་པའི་ནང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་ཌེན་མག་ལ་ཆིབས་བསྒྱུར་བསྐྱང་གནང་མཛད་སྐབས་རྒྱ་ནག་གཞུང་གི་ཉེན་བརྡ་ལ་མ་ལྟོས་པར་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཐུབ་པའི་རེ་བ་གནང་གི་ཡོད་པར་གསུངས་འདུག་ལ་ད་དུང་ཌེན་མག་གི་ཕྱོགས་འགལ་ཚོགས་པ་སྤྱི་ཚོགས་རིང་ལུགས་ཀྱི་མི་དམངས་ཚོགས་པ་ཞེས་པའི་ཚོགས་པ་དེའི་ཚོགས་མི་ཕེརེམ་ཞུ་བ་ཞིག་གིས་ཌེན་མག་གི་སྲིད་བློན་མཆོག་ལ་འདྲི་བ་ཁག་ཅིག་བཏོན་ཡོད་པ་དང་ཁོང་གི་འདྲི་བའི་ནང་སྲིད་བློན་མཆོག་ནས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་དབྱང་ཅི་ཁྲི་ནས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་ཡོད་པའི་ཉེན་བརྡ་བཏང་ཡོད་པས་ཁྱེད་ཉིད་ནས་རྒྱ་ནག་གི་ཉེན་བརྡ་རྩིས་མེད་གཏང་རྒྱུ་ཡིན་ནམ་ཞེས་དྲི་བ་བཏོན་གནང་ཡོད་པར་གསུངས་འདུག་ལ་ཡིན་ནའང་ཌེན་མག་གི་སྲིད་བློན་ར་སེ་མུ་སེན་མཆོག་གིས་ཕྱོགས་འགལ་ཚོགས་པའི་ཚོགས་མི་ཕེརེམ་གྱི་བཏོན་གནང་བའི་འདྲི་བར་ལན་འདེབས་གནང་བའི་ཕྱག་བྲིས་ཤིག་གི་ནང་ངས་ཁ་སྔོན་སྤྱི་ལོ་ཉིས་ཏོང་གསུམ་ལོར་ཏཱ་ལའི་བླ་མ་མཆོག་ཌེན་མག་ལ་ཆིབས་བསྒྱུར་བསྐྱངས་གནང་མཛད་རིང་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་ཡིན་ལ་ད་དུང་གལ་ཏེ་གྲུབ་ཐུབ་པ་ཞིག་ཡིན་ན་ངས་སླར་ཡང་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎