བལ་ཡུལ་དང་བོད་དབར་གྱི་ཚོང་འབྲེལ་ཡར་རྒྱས་ཀྱི་གྲོས་འཆར།

བལ་བོད་ཚོང་འབྲེལ་སྐུ་ཚབ་བར་ཚོང་འབྲེལ་བྱེད་པའི་སྔོན་འགྲོའི་ལས་དོན་ཁག་ཅིག་ལག་བསྟར་བྱ་རྒྱུའི་གྲོས་མཐུན་ཐོག་མཚན་རྟགས་སྐྱོན་འདུག

2010.09.19

༄༅༎བོད་དང་བལ་ཡུལ་གྱི་ཚོང་འབྲེལ་སྲ་བརྟན་དང་གཞི་ཡུལ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་དེ་རིང་བལ་བོད་ཚོང་འབྲེལ་སྐུ་ཚབ་བར་ཚོང་འབྲེལ་བྱེད་པའི་སྔོན་འགྲོའི་ལས་དོན་ཁག་ཅིག་ལག་བསྟར་བྱ་རྒྱུའི་གྲོས་མཐུན་ཐོག་མཚན་རྟགས་སྐྱོན་ཡོད་པའི་སྐོར་ལ་དེ་རིང་བལ་ཡུལ་གྱི་གསར་ཤོག་Nepal Newsཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་བོད་དང་བལ་ཡུལ་བར་གྱི་དཔལ་འབྱོར་དང་ཚོང་འབྲེལ་ཡར་རྒྱས་གཏོང་བའི་དམིགས་ཡུལ་འོག་བལ་ཡུལ་གྱི་ཚོང་ལས་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ར་ཇེཤ་ཀ་ཛི་ཤེ་རེསི་ཐ་དང་བོད་ཀྱི་བཟོ་ཚོང་ལས་ཁང་གི་ཚོགས་གཙོ་ང་ཕོད་འཇིགས་ཡན་རྣམ་གཉིས་བར་ཚོང་འབྲེལ་གྱི་གྲོས་ཆམ་བྱུང་སྟེ། གྲོས་ཆམ་དེའི་ནང་དོན་དུ་ཚོང་ལས་སྡེ་ཚན་གཉིས་པོས་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱེད་རྒྱུ་དང༌། ཚོང་ལས་ཀྱི་གཞི་ཡུལ་ཆེ་རུ་གཏོང་རྒྱུར་མཉམ་ལས་བྱེད་རྒྱུའི་ཆེད་དུ་སྔོན་ལ་ཕྱོགས་ཕན་ཚུན་བར་སྔོན་འགྲོའི་ལས་དོན་ཁག་མཉམ་ལས་བྱེད་རྒྱུ་མ་ཟད། ཚོང་ལས་ཀྱི་གནས་ཚུལ་བརྗེ་ལེན་བྱེད་རྒྱུ་ཡིན་པ་འཁོད་ཡོད་པ་རེད། བལ་ཡུལ་གྱི་ཚོང་ལས་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ར་ཇེཤ་ཡིས། བལ་ཡུལ་དང་བོད་བར་དེ་སྔ་ནས་ཚོང་ལས་ཀྱི་འབྲེལ་ལམ་རྙིང་པ་ཡོད་པ་དེ་ད་དུང་སྲ་བརྟན་དང་འགྱུར་བ་གཏོང་དགོས་པ་གཟིགས་ཀྱི་ཡོད་པ་དང། ཚོང་འབྲེལ་རྙིང་པ་དེར་འགྱུར་བ་དང་ཡར་རྒྱས་བཏང་བ་ཡིན་ཚེ་དེའི་ཐོག་ནས་བལ་ཡུལ་གྱི་དངོས་ཟོག་གི་ཐོན་སྐྱེས་བོད་ནང་རྣམ་གྲངས་མང་བ་ནང་འདྲེན་བྱེད་དགོས་སྟབས་བོད་ཀྱི་ཚོང་ལས་པ་ཚོར་དངོས་ཟོག་གི་རིན་གོང་རྒྱ་ནག་ནས་ནང་འདྲེན་བྱས་པ་ལས་ཁྱད་པར་འགྲོ་རྒྱུ་ཡིན་པ་ནན་བརྗོད་གནང་བ་མ་ཟད། ད་དུང་དངོས་ཟོག་དཔྱ་ཁྲལ་གྱི་ཐོག་ལ་མཚམས་རེ་ཕྱོགས་གཉིས་པོར་མི་མཐུན་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་ཚོ་ཡང་སྡེ་ཚན་གཉིས་པོས་མཉམ་འབྲེལ་གྱི་སེལ་ཐབས་འབད་བརྩོན་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད། བོད་ཀྱི་ཚོང་ལས་སྡེ་ཚན་གྱི་ཚོགས་གཙོ་འཇིགས་ཡན་ལགས་ཀྱིས། ཚོང་ལས་སྡེ་ཚན་གཉིས་པོས་ཚོང་འབྲེལ་གྱི་འགྲོ་ལམ་གསར་པ་ཞིག་འཚོལ་གྲུབ་བྱས་ཏེ་བོད་དང་བལ་ཡུལ་བར་གྱི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་ཁ་ཕྱོགས་གསར་པ་ཞིག་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎