རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་པར་དམ་བསྒྲགས།

རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་པ་ཚོས་གཞུང་གི་དམ་བསྒྲཌ་བྱེད་ཕྱོགས་ལ་སྐྱོན་བརྗོད་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

2011.05.12

༄༅༎རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་པ་ཚོས་གཞུང་གི་དམ་བསྒྲཌ་བྱེད་ཕྱོགས་ལ་སྐྱོན་བརྗོད་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་ནག་ནང་གཞུང་ལ་དེབ་སྐྱེལ་མ་བྱས་པའི་ཡེ་ཤུའི་ཆོས་ཚོགས་དང་། ལྷ་ཁང་སོགས་ནང་ཆོས་བྱེད་མཁན་ཚོའི་ཐོག་ས་གནས་ཉེན་རྟོག་མི་སྣ་དང་ལས་བྱེད་པ་ཚོས་གང་བྱུང་འཛིན་བཟུང་བྱས་པ་དང་། ལྷ་ཁང་བཙན་ཤེད་ཀྱི་ཐོག་ནས་སྒོ་རྒྱབ་བཅུག་ནས་དམ་བསྒྲཌ་བྱེད་པ་སོགས་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་ཞིག་དང་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཅིག་ཡིན་པར་བརྟེན་དེ་དག་གི་ཐོག་ངེས་པར་དུ་ཞིབ་མཇུག་བྱེད་དགོས་ཞེས་་སྐྱོན་བརྗོད་དང་འབྲེལ་་གྲོས་ཚོགས་ཀྱི་ཚོགས་གཙོ་ཨུ་བྷང་གྷའོའི་མིང་ཐོག་ཞུ་སྙན་ཞིག་ཕུལ་ཡོད་པ་རེད། ཞུ་སྙན་དེར་ས་རྟགས་བཀོད་མཁན་དེབ་སྐྱེལ་མ་བྱས་པའི་ཡེ་ཤུའི་ཚོགས་པ་བཅུ་བདུན་གྱི་མཆོད་དཔོན་ཡིན་པ་རེད། སྤྱིར་བཏང་རྒྱ་ནག་ཁྱོན་ཡོངས་སུ་གཞུང་གི་འབྲེལ་ཡོད་ཚོས་ཡེ་ཤུའི་དེབ་སྐྱེལ་མ་བྱས་པའི་ཚོགས་པ་ཁག་ལ་དམ་བསྒྲཌ་ཤུགས་ཆེ་ཡོད་མུས་ཐོག་དམིགས་བསལ་ཤའོ་ཝང་ཞེས་པའི་གྲོང་ཁྱེར་དེའི་ནང་ཡོད་པའི་ལྷ་ཁང་སྒོ་རྒྱྲབ་བཅུག་པ་དང་། དེ་བཞིན་གྲོང་ཁྱེར་གཞན་འགའ་ཤས་སུའང་གནས་ཚུལ་དེ་ལྟར་བྱུང་ཡོད་འདུག ཁོང་ཚོའི་སྙན་ཞུ་དེའི་ནང་འབྲེལ་ཡོད་ལས་བྱེད་ཚོས་བྱ་སྤྱོད་སྤེལ་སྟངས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་ཁྲིམས་དང་ཡང་འགལ་བ་ཞིག་ཡིན་པ་དང་ཁྲིམས་གཞི་དེའི་ཐོག་རྒྱ་ནག་གཞུང་ནས་ངོས་ལེན་གྱིས་ས་རྟགས་བཀོད་ཡོད་པའང་ར་འཕྲོད་བྱས་ཡོད་པ་རེད།

འོན་ཀྱང་རྒྱ་ནག་གནད་དོན་འདིའི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ད་རིང་གསར་འགོད་ལྷན་ཚོགས་ཐོག་བཅར་འདྲི་དང་ལེན་སྐབས། ཤའོ་ཝང་ཞེས་པའི་ལྷ་ཁང་དེའི་ནང་ཁྲིམས་དང་མི་མཐུན་པའི་ལས་དོན་སྤེལ་གྱི་ཡོད་པ་ནི་སྤྱྲི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་གནོད་གཞི་ཡིན་པའི་ཆ་ནས་སྒོ་རྒྱབ་པ་རེད། རྩ་བའི་རྒྱ་ནག་མི་མང་ལ་རྩ་ཁྲིམས་གཞིར་བཟུང་ཆོས་དད་རང་དབང་ཡོད་རེད། ཡིན་ནའང་མི་མང་ཚོས་ཀྱང་སྤྱི་ཚོགས་ལ་གནོད་གཞིའི་་ཁྲིམས་འགལ་རིགས་བྱས་པ་ཡིན་ན་འགྲིགས་ཀྱི་ཡོད་མ་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད། རྩ་བའི་རྒྱ་ནག་ཁྱོན་ཡོངས་སུ་གཞུང་ལ་དེབ་སྐྱེལ་བྱས་པའི་ཡེ་ཤུའི་ཆོས་བྱེད་པ་ས་ཡ་ཉི་ཤུ་ཙམ་ཡོད་ལུགས་བཤད་ཀྱི་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་གྲངས་ཚད་ས་ཡ་ལྔ་བཅུ་ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎