སྤྱི་འཐུས་ཚོགས་གཞོན་གྱིས་བོད་དོན་འགྲེལ་བཤད།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནང་ཆོས་སྦྱོང་མཁན་གྱི་སློབ་མ་༡༥ཙམ་ལ་བོད་དོན་འགྲེལ་བཤད།

2012.05.07

༄༅༎བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ ཁ་ས་ཨ་རིའི་ཀྲེ་ནེ་སི་མངའ་སྡེའི་ནང་ཡོད་པའི་ པདྨ་དཀར་པོ་སྒོམ་གྲུབ་བསྟི་གནས་ཁང་དུ་ནང་ཆོས་སྦྱོང་མཁན་གྱི་སློབ་མ་༡༥ཙམ་ལ་བོད་དོན་འགྲེལ་བཤད་གནང་འདུག།
སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ ད་ལྟའི་སྐབས་འདིར་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་གཞུང་འབྲེལ་ལས་བྱེད་མངགས་གཏོང་གིས་གྲྭ་བཙུན་ཚོའི་ཐོག་དྲག་གནོན་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པ་དང༌། རྒྱ་ནག་དམར་པོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྟབས། བོད་ནང་གི་གཞིས་ལུས་བོད་མི་ཚོར་སྨྲ་བརྗོད་དང་ཆོས་དད་རང་དབང༌། གསར་འགོད་རང་དབང་སོགས་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་བཞག།
སྤྱི་འཐུས་ཚོགས་གཞོན་ཉེ་ཆར་ ཀེ་ཎེ་ཌའི་རྒྱལ་ས་ ཨོ་ཊ་བའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ནང་ལྷན་ཞུགས་གནང་བའི་རྗེས་མེམ་ཕིསི་ཁུལ་དུ་ཕེབས་ཡོད་པ་དང༌།  ནང་ཆོས་སྦྱོང་མཁན་ཕྱི་རྒྱལ་སློབ་ཕྲུག་ཚོར་ བོད་ནང་དབང་ཚད་ཡོད་པའི་མཐོ་རིམ་དཔོན་པོ་ཕལ་ཆེ་བ་རྒྱ་རིགས་ཡིན་པ་དང༌། བོད་པའི་སློབ་གྲ་ཁག་ནང་བཙན་ཤེད་སྒོ་ནས་རྒྱ་སྐད་སློབ་འཁྲིད་བྱེད་དུ་བཅུགས་ཀྱི་ཡོད་པ་མ་ཚད། ལས་ཀ་འཚོལ་སྐབས་རྒྱ་སྐད་ངེས་པར་ཤེས་དགོས་ཀྱི་ཡོད་པའི་བོད་ནང་གི་ཛ་དྲག་གནང་སྟངས་འགྲེལ་བརྗོད་དང་འབྲེལ། སྤྱི་འཐུས་ཚོགས་གཞོན་གྱིས་ བོད་པ་ཚོས་ད་ལྟའི་སྐབས་འདིེར་བོད་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་འཐོབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་ལས་ རང་བཙན་རྩོད་ལེན་བྱེད་ཀྱི་མེད་པའི་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎