བོད་མིར་སྲོག་ཁྲིམས་བཅད་པར་བོད་གཞུང་ནས་ཐུགས་འཚབ།

རྒྱ་ནག་གཞུང་གིས་ཉིན་ཤས་སྔོན་བོད་མི་གཅིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་པ་དང་དེ་མིན་ལྔ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།

2010.05.28

༄༅༎རྒྱ་ནག་གཞུང་གིས་ཉིན་ཤས་སྔོན་ཡོངས་ཁྱབ་ཀྱི་ཁྲིམས་ཞིབ་སོགས་གང་ཡང་མ་བྱས་པར་བོད་མི་གཅིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་པ་དང་དེ་མིན་ལྔ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་བཙན་བྱོལ་བོད་གཞུང་གིས་ཐུགས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་ཡང་གནང་ཡོད་པ་རེད་

དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ ལྷ་ས་འབྲིང་རིམ་ཁྲིམས་ཁང་གིས་རང་ལོ་༢༣ལ་སོན་པའི་བོད་མི་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མིའི་ཞི་རྒོལ་ནང་ ཟིང་ཆ་བསླངས་ཏེ་བདེ་འཇགས་ལ་གཏོར་བཤིག་ཚབས་ཆེ་བཏང་ཡོད་ལུགས་སོགས་ཀྱི་ཉེས་བཙུགས་ཐོག་ནས་སྲོག་ཐོག་དུས་འགྱངས་ལོ་གཉིས་ཀྱི་ཁྲིམས་ཐག་ཉེས་ཆད་བཅད་ཡོད་པ་དང་  དེ་མིན་བོད་མི་གཞན་ལྔ་ལ་ཡང་བཙོན་འཇུག་ལོ་གསུམ་ནས་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པའི་ནང་རྒྱ་ནག་གཞུང་གིས་ཉིན་ཤས་སྔོན་བོད་མི་དེ་དག་ལ་ཁྲིམས་ཐག་ཉེས་ཆད་བཅད་ཡས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ནང་དོན་གཞིར་ཟུང་ཁྲིམས་ཞིབ་ཡོངས་ཁྱབ་བྱ་རྒྱུ་ཡིན་ལུགས་སོགས་དང་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད་པ་མ་ཟད་ རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དགོས་འདུན་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་དང་ཡང་ཡོངས་སུ་མཐུན་གྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད་ གོང་ཞུས་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་ལས་ཁང་གི་མཚན་ཐོག་ནས་སྤེལ་གནང་བའི་གསལ་བསྒྲགས་དེའི་ནང་འཁོད་པར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་གི་གོང་ཞུས་བྱ་སྤྱོད་དེ་རིགས་ལ་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་དང་ ལྷག་པར་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་བོད་མི་བདུན་ཙམ་ལ་རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་པ་དང་ དེའི་ནང་ནས་བོད་མི་བཞི་ལ་སྲོག་ཐོག་གི་ཉེས་ཆད་ལག་བསྟར་བྱས་ཟིན་ཡོད་ཅིང་ དེར་བརྟེན་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ འཛམ་གླིང་མཉམ་འབྲེལ་ཚོགས་སོགས་ཀྱིས་གནད་དོན་དེ་རིགས་ལ་བརྟག་དཔྱད་ཞིབ་འཇུག་གནང་ཏེ་ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྟོགས་ཞིབ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་ཅེས་འཁོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎