རྒྱ་རིགས་ཚོགས་པས་དོན་གྲུབ་དབང་ཆེན་ལ་གཟེངས་རྟགས།

དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྒྲིག་གནང་བའི་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པར་རྒྱ་རིགས་ཚོགས་པས་གཟེངས་རྟགས་ཕུལ་བ།

2012.09.03

༄༅༎སྤྱི་ལོ་༢༠༡༢་ལོའི་ཟླ་༩་ཚེས་༢་བཙན་བྱོལ་བོད་མིའི་ཡང་དག་པའི་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་མི་ལོ་༥༢་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མོ་དང་སྟབས་བསྟུན་བཞུགས་སྒར་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ཚོཌ་ཁང་ནང་སྔ་དྲོ་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུ་ཙམ་ལ་ཨོ་སི་ཌོ་ལི་ཡར་རྟེན་གཞིན་བྱས་པའི་རྒྱ་རིགས་རུས་ཆི་རིག་གཞུང་ཐེབས་རྩ་ཁང་གིས། ཕྱི་ལོ་༢༠༠༨་ལོར་བོད་ནང་གི་དངོས་ཡོད་གནས་ཚུལ་སྐོར་ལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་བསྐྲུན་གནང་བའི་དངོས་བྱུང་གློག་བརྙན་མིང་ལ་འཇིགས་བྲལ་ཞེས་པར་ཐེབས་རྩ་ཁང་དེའི་ཐེངས་ལྔ་པའི་རྒྱ་ནག་ཡར་ཐོན་སྐུལ་འདེད་དམིགས་བསལ་གཟེངས་རྟགས་ཞེས་པ་དེ་གནང་རྒྱུའི་མཛད་སྒོ་སྟབས་བདེ་ཞིག་ཚོཌ་ཏེ། ཐེབས་རྩ་ཁང་གི་རྒྱ་རིཌ་བེུད་ཆི་ཅ་ཀྲིན་གྱིས་ཐེབས་རྩ་ཁང་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་དོན་གྲུབ་དབང་ཆེན་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་རྗེས་དོན་གྲུབ་དབང་ཆེན་ལགས་ཀྱི་བུ་མོ་ཆུང་ཤོས་རང་ལོ་༡༡་ཡིན་པ་ལྷ་མོ་སྒྲོལ་མས་རང་གི་ཕ་དོན་གྲུབ་དབང་ཆེན་གྱི་ཚབ་ཞུས་ཏེ་གཟེངས་རྟགས་དེ་རྩིས་ལེན་ཞུས་ཡོད་པ་རེད།   རུས་ཆི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཆི་ཅ་ཀྲིན་ལགས་ཀྱིས་བརྗོད་པ་ལྟར་ན།   ཁོང་གི་ཕ་རྒན་ཆི་ཙི་ཀྲི་ཡིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་སྟབས་ལོ་༣༠་རིང་རྒྱའི་བཙོན་འོག་ཏུ་ཚུད་ཡོད་པ་མ་ཟད།  ཁོང་མོ་རང་ཡང་ལོ་བཅུའི་རིང་རྒྱའི་བཙོན་འོག་བསྡད་ཡོད་འདུག   གཟེངས་རྟགས་འདི་རྒྱ་ནག་ནང་གི་གཞི་རིམ་མི་མང་ཚོའི་དཀའ་སྡུག་གི་འབོད་སྒྲ་སྒྲོག་མཁན་གྱི་རྩོམ་པ་པོ་དང་དངོས་བྱུང་གློག་བརྙན་བཟོ་བསྐྲུན་བྱེད་མཁན་་ཕུལ་དུ་བྱུང་བ་ཚོར་འབུལ་གྱི་ཡོད་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎