རྒྱ་ནག་སྲིད་བློན་ཟུར་པ་ལིའི་རྦང་གི་ཉིན་ཐོ།

རྒྱ་ནག་གི་སྲིད་བློན་ཟུར་པ་ལིའི་རྦང་གི་ཉིན་ཐོ་ཞེས་པ་ཞིག་རིང་མིན་ཧོང་ཀོང་ནང་འགྲེམས་སྤེལ་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

2010.06.07

༄༅༎རྒྱ་ནག་གི་སྲིད་བློན་ཟུར་པ་ལིའི་རྦང་གི་ཉིན་ཐོ་ཞེས་པ་ཞིག་རིང་མིན་ཧོང་ཀོང་ནང་འགྲེམས་སྤེལ་བྱེད་འཆར་ཡོད་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལིའི་རྦང་གི་ཉིན་ཐོ་ཟེར་བ་དེ་དངོས་ཡོད་ཡིན་མིན་དེ་དེབ་དེ་འགྲེམས་སྤེལ་གྱི་འགག་རྩར་ཐུགས་ཀྱི་ཡོད་པ་དང་ འགྲེམས་སྤེལ་བྱེད་འཆར་ཡོད་པའི་རྒྱ་ནག་གི་སྲིད་བློན་ཟུར་པ་ལིའི་རྦང་གི་ཉིན་ཐོ་དེབ་དེའི་ནང་གལ་ཆེ་བ་ཞིག་ནི་༡༩༨༩ལོའི་པེ་ཅིན་གནམ་བདེ་སྒོ་མའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་སྐོར་བྲིས་ཡོད་པ་དང་༡༩༨༩ལོའི་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་སྐབས་ལིའི་རྦང་རྒྱ་ནག་གི་སྲིད་བློན་ཡིན་པ་དང་དྲག་གནོན་བྱེད་དགོས་པའི་བཀའ་ཡང་ཕྱི་ཕྱོགས་སུ་ལིའི་བང་གི་མིང་ཐོག་ནས་བཏང་ཡོད་ཅིང་དེར་བརྟེན་མི་རྣམས་ནས་ལིའི་རྦང་ནི་དྲུག་བཞིའི་དོན་རྐྱེན་དེའི་གཤན་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་

ལིའི་རྦང་གི་ཉིན་ཐོ་ཟེར་བའི་དེབ་དེ་བཞིན་ཧོང་ཀོང་གི་དུས་རབས་གསར་པ་ཞེས་པའི་འགྲེམས་སྤེལ་ཁང་གིས་འགྲེམས་སྤེལ་བྱེད་འཆར་ཡོད་ཅིང་ འགྲེམས་སྤེལ་ཁང་དེ་བཞིན་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཀྲའོ་ཙེ་ཡང་གི་དྲུང་ཡིག་པའོ་དུང་གི་བུ་པའོ་ཕུའུ་ཡིས་གཙོ་གཉེར་བྱེད་ཀྱི་ཡོད་པ་དང་ དེའི་གོང་ཀྲའོ་ཙེ་ཡང་གི་ལོ་རྒྱུས་དང་འབྲེལ་བའི་དེབ་ཅིག་འགྲེམས་སྤེལ་བྱས་ནས་ རྒྱལ་ཁབ་ཕྱི་ནང་གང་ས་ནས་གདེང་འཇོག་ཆེན་པོ་བྱས་ཡོད་ཅིང་ ཡིན་ནའི་པའོ་ཕུའུ་ཡིས་གསུང་ན་ ད་རེས་ལིའི་རྦང་གི་ཉིན་ཐོ་ཟེར་བ་དེ་འགྲེམས་སྤེལ་བྱ་རྒྱུར་གལ་འགངས་ཆེ་ཤོས་དེ་ཉིན་ཐོ་དེ་དངོས་གནས་ཡིན་མིན་དེར་ཞིབ་རྩད་བྱ་རྒྱུ་དེ་ཡིན་པ་དང་ ཁོང་ལ་ཉིན་ཐོ་དེ་མི་གཞན་བརྒྱུད་ནས་བྱུང་བ་དང་ ཁོང་ལ་ཡང་ཉིན་ཐོ་དེ་བརྒྱ་ཆ་བརྒྱ་ལིའི་རྦང་གི་ཉིན་ཐོ་ཡིན་པ་ར་འཕྲོད་དཔང་རྟགས་ཁ་གསལ་མེད་ཅིང་ ཡིན་ནའི་ནང་དོན་དང་དེའི་སྐབས་ཀྱི་དངོས་ཡོད་ར་འཕྲོད་ཐུབ་པའི་ལོ་རྒྱུས་ཡིག་ཆ་སོགས་དང་དཔྱར་བསྡུར་བྱེད་པའི་སྐབས་དངོས་ཡོད་ཡིན་པའི་དཔང་རྟགས་ར་འཕྲོད་གང་ཙམ་ཐུབ་ཀྱི་ཡོད་པ་དང་ ལྷག་པར་དུ་ད་ལྟ་རྒྱ་ནག་གི་སྲིད་བློན་ལིའི་རྦང་འཚོ་གནས་ཡོད་མུས་ཡིན་པས་ ལིའི་རྦང་དང་འབྲེལ་བ་ཐུབ་ཐབས་ཀྱིས་ཉིན་ཐོ་དེ་དངོས་ཡོད་ཁོང་གི་ཉིན་ཐོ་ཡིན་མིན་ ར་འཕྲོད་ཡོང་ཐབས་གནང་རྒྱུ་དང་ དེབ་དེ་དངོས་ཡོད་ཡིན་མིན་འགྲེམས་སྤེལ་བྱས་ཚེ་ར་འཕྲོད་གསལ་པོ་ཡོང་རྒྱུ་ཡིན་སྟབས་འགྲེམས་སྤེལ་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་གསུང་འདུག

ལིའི་རྦང་གི་ཉིན་ཐོ་ཟེར་བའི་དེབ་དེའི་ནང་༡༩༨༩ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༧ཉིན་སྐབས་དེ་དུས་ཀྱི་རྒྱ་ནག་ཏང་དང་སྲིད་དམག་བཅས་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེས་མཐོའི་དཔོན་རིགས་ཏང་ཞའོ་བིང་གིས་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དམག་དཔུང་བཏང་ནས་དྲག་པོའི་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་པ་དང་ ཐག་གཅོད་དེར་དེའི་སྐབས་ཀྱི་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲའོ་ཙེ་ཡང་གིས་མོས་ཐུན་མེད་པའི་རྣམ་འགྱུར་བསྟེན་པ་མ་གཏོགས་དཔོན་རིགས་གཞན་ཚང་མས་མོས་མཐུན་བྱས་ཡོད་པ་དང་ ཕྱི་ཚེས་༢༠ཉིན་ཐོ་རེངས་ཏང་ཞའོ་བིང་གི་ཐག་གཅོད་དེ་དངོས་སུ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པའི་སྐོར་སོགས་འཁོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎