ཚོགས་བཅར་བ་རྣམས་ཚོགས་ཆུང་བཅོ་ལྔར་བགོས་ཡོད་པ།

དམིགས་བསལ་ཚོགས་ཆེན་ཐོག་ཚོགས་མི་ལྔ་བརྒྱ་བརྒྱད་བཅུ་ཙམ་གྱིས་བསམ་ཚུལ་དང་འདོད་ཕྱོགས་འདྲ་མིན་བཏོན་བཞིན་ཡོད་པ་རེད།

2008.11.17

༄༅༎བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བཞིན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་དང་པོའི་ཐོག་ཚོགས་མི་ལྔ་བརྒྱ་བརྒྱད་བཅུ་ཙམ་མཉམ་ཞུགས་གནང་ནས་སོ་སོའི་ས་གནས་ཀྱི་མི་མང་གི་བསམ་ཚུལ་དང་འདོད་ཕྱོགས་འདྲ་མིན་ཚོགས་ཆུང་བརྒྱུད་ནས་བཏོན་བཞིན་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་ནང་གི་ཛ་དྲག་དང་རྒྱལ་སྤྱིའི་ཁོར་ཡུག་ཞུས་པའི་གླེང་གཞི་གཞི་རྒྱ་ཆེ་བ་གཉིས་ཀྱི་ཐོག་ཚོགས་བཅར་ཞུས་པའི་ཚོགས་མི་རྣམས་ཚོགས་ཆུང་བཅོ་ལྔ་ལ་ཆ་བགོས་གནང་ནས་ཚོགས་ཆུང་རེའི་ཚོགས་གཙོ་གཅིག་དང་ཚོགས་དྲུང་གཉིས་གོ་བསྒྲིག་གནང་བའི་རྗེས་སུ་ཚོགས་ཆུང་ནང་བསམ་ཚུལ་བསྡུ་ལེན་དང་གཏམ་བཤད་ཉིན་དང་པོའི་ཉིན་རྒྱབ་ནས་དབུ་བཙུགས་གནང་ཡོད་པ་རེད་འདུག

དེ་ཡང་ཚོགས་ཆུང་བཅོ་ལྔའི་ནང་ལྷན་ཞུགས་གནང་མཁན་དགེ་བཤེས་འཇམ་དཔལ་སེང་གེ་ལགས་ཀྱིས་གསུངས་དོན་ལ་ཚོགས་ཆུང་ཁག་གི་ནང་དུ་ཆ་བསྙོམས་ཞུས་ནས་ཚོགས་མི་གསུམ་བཅུ་ལྷག་ཙམ་ཡོད་པ་དང་ཚོགས་ཆུང་གཅིག་གི་ཚོགས་མིའི་གྲས་སུ་ད་ལྟའི་གཞུང་ཞབས་དང་སྤྱི་འཐུས་དང་སྐུ་ཚབ་དོན་གཅོད་ཁག་དང་ས་གནས་མི་མང་ཚོགས་པའི་འཐུས་མི་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་འཐུས་ཚོགས་ཀྱི་འཐུས་མི་དང་སློབ་གྲྭ་ཁག་གི་དབུ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་སོགས་དང་ས་གནས་འདྲ་མིན་ནས་ཕེབས་པའི་ཚོགས་མི་མཉམ་ཞུགས་གནང་ཡོད་པ་རེད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་བའི་ནང་ད་རེས་ཉིན་དྲུག་གི་དམིགས་བསལ་ཚོགས་ཆེན་གྲུབ་མཚམས་སུ་བོད་ཀྱི་རང་བཙན་གཙང་མའི་གནད་དོན་དེ་ཤུགས་ཆེ་རུ་འགྲོ་བའི་རེ་བ་གནང་གི་ཡོད་པའི་སྐོར་གསུངས་འདུག ཨ་མི་རི་ཀའི་སྦོ་སི་ཊོན་གྱི་ཀྲཕཱ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཕེབས་པའི་བསྟན་འཛིན་སྦ་ཡུལ་ལགས་ཀྱིས་ཐེངས་འདི་ཚོགས་ཆུང་དེ་ལོ་རྒྱུས་ལྡན་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་བོད་མིའི་རིག་གཞུང་གི་གཞི་རྟེན་དེ་འཚེ་མེད་ཞི་བ་ཡིན་ནའི་གྲོས་མོལ་ནང་གྲུབ་འབྲས་བྱུང་མེད་པའི་རྒྱུ་མཚན་གྱིས་བོད་མི་མང་པོ་ཞིག་འུ་ཐུག་འ་ཆད་ཡོད་པའི་དགོངས་ཚུལ་སོགས་གསུངས་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎