རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱིས་གནས་སྟངས་ཡག་པོ་མེད་པ།


2015.12.23
བྱམས་པ་ཕུན་ཚོགས་ནག་ཆུ་ས་ཁུལ་གྱི་ཞབས་བརྟན་དགོན་དུ། ༢༠༡༥།༩ བྱམས་པ་ཕུན་ཚོགས་ནག་ཆུ་ས་ཁུལ་གྱི་ཞབས་བརྟན་དགོན་དུ། ༢༠༡༥།༩
Vtibet

རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཐད་དབུས་གཞུང་གིས་བསྒྱུར་བཅོས་གདོང་ལེན་བྱེད་དགོས་པ་བྱམས་པ་ཕུན་ཚོགས་ཀྱིས་གསུངས་འདུག
དེ་ཡང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟུར་པ་དང་། དེང་སང་རྒྱ་ནག་དབུས་མི་མང་འཐུས་ཚོགས་རྒྱུན་ལྷན་ཁང་གི་ཚོགས་མི་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་གྲོས་མོལ་ཚོགས་འདུའི་སར། རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་ཡག་པོ་མེད་པ་དེ་ཚོར་བསྒྱུར་བཅོས་ཀྱི་གདོང་ལེན་བྱེད་རྒྱུར་དབུས་གཞུང་གིས་ལམ་སྟོན་དེ་བས་ཆེ་ཙམ་དགོས་ངེས་ཡིན་ལུགས་གསུངས་ཡོད་པ་རེད།
བྱམས་པ་ཕུན་ཚོགས་ལགས་ཀྱིས་གསུངས་པར། འདས་པའི་ལོ་ཤས་ཀྱི་ནང་བོད་ནང་བོད་རིགས་ཙམ་དུ་མ་ཟད། ཐ་ན་རྒྱ་མི་རིགས་ཀྱི་ཐོག་ལའང་དཀའ་ངལ་དེ་གཅིག་མཚུངས་མྱངས་ཡོད་པ་དཔེར་ན། ས་ཚུགས་ཁག་ལ་བདེ་སྲུང་བས་འགྲིམས་འགྲུལ་ལ་བསྔོག་བཤེར་བཀག་བསྡོམས་ཚད་ལས་བརྒལ་བ་བྱེད་པ་དེ་བཞིན་མགྲོན་ཁང་དང་། ཚོང་ཁང་སོགས་ཀྱི་ཚོང་ལས་ཀྱི་བྱ་བར་བཀག་བསྡོམས་བྱེད་པ་སོགས་ཀྱི་རྐྱེན་པས་མི་མང་ལ་དཀའ་ངལ་ཇི་སྙེད་ཅིག་འཕྲད་ཡོད་པ་རེད། ལྷག་དོན་དུ་དེ་ནི་རྒྱ་ནག་དབུས་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་བརྩི་ཞུ་རྒྱུའི་སྒྲིག་གཞི་དང་མཐུན་གྱི་མེད་པ་མ་ཟད། སྤྱི་ཚོགས་ཟང་ཟིང་གནས་སྟངས་མང་པོ་ཞིག་ཡོང་བཞིན་པ་རེད།
དེར་བརྟེན་རྒྱ་ནག་དབུས་གུང་ཁྲན་གཞུང་གིས་མི་རིགས་སྲིད་བྱུས་ཐོག་འཛིན་པའི་ལས་དོན་དེ་ཚོ་དོན་འཁྱོལ་ཡག་པོ་དགོས་ངེས་ཡིན་པའི་སྐོར་གསལ་བཏོན་བྱས་ཡོད་པ་རེད།
གསར་ཤོག་ཁག་གི་ནང་མུ་མཐུད་དེ་གནས་ཚུལ་བཀོད་པར། ནམ་ཀུན་ནས་རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་ཨུ་གུར། དེ་བཞིན་ནང་སོག་ལ་སོགས་པའི་རང་སྐྱོང་མངའ་ཁུལ་དེ་ཚོའི་ནང་དབུས་གཞུང་གིས་དབང་འཛིན་ཤུགས་ཆེ་བྱེད་མུས་ཡིན་པ་སོགས་ཀྱི་གནས་ཚུལ་བཀོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎