ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་རྗེས་ཀྱི་སེམས་ཚོར།
2010.10.11
༄༅༎རྒྱ་ནག་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ལིའུ་ཤའོ་ཕུའུ་ཡིས་ཁོང་ལ་ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་བ་དེ་རྒྱ་ནག་གི་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ནང་ཚེ་སྲོག་ཤོར་མཁན་རྣམས་ལ་ཆེ་བསྟོད་ཞུ་ཆེད་དམིགས་ཀྱི་ཡིན་གསུངས་ཡོད་པ་རེད་
ལིའུ་ཤའོ་ཕུའུ་ཡིས་ཁོང་གི་བཟའ་ཟླར་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་བ་དེ་ཕྱི་ལོ་༡༩༨༩ལོའི་རྒྱ་ནག་གི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་ཚེ་སྲོག་ཤོར་མཁན་རྣམས་ཀྱི་ཆེ་བསྟོད་ཆེད་འབུལ་གྱི་ཡིན་གསུང་པ་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་ཚོགས་པས་གནས་ཚུལ་སྤེལ་ཡོད་པ་རེད་
ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལུའི་ཞ་ཡིས་ཀྲུ་ལྦི་ཀྲར་Twitterའཕྲིན་གཏོང་བརྒྱུད་ཁོང་ཁ་ཉིན་རེས་གཟའ་ཉི་མ་ཉིན་བཟའ་ཟླ་བཙོན་ཁང་ནང་ཐུག་འཕྲད་མ་བསྐྱོད་གོང་དང་བསྐྱོད་ཟིན་པའི་རྗེས་བཟང་བཙོན་གྱི་གནས་བབ་འོག་ཡོད་སྐོར་གསུང་ཡོད་པ་རེད་ དེ་བཞིན་ལིའུ་ཤའོ་ཕུའུ་ཡིས་Twitterབརྒྱུད་ཁོང་ཕྱི་ཚེས་༨ཉིན་རྒྱ་ནག་གི་བསྐོར་སྲུང་བས་ནང་ཁྱིམ་ནང་བཟང་བཙོན་གྱི་གནས་བབ་འོག་བཅུག་པ་དང་མི་སུ་དང་ཐུག་འཕྲད་ག་དུས་བྱེད་ཐུབ་མི་ཤེས་པ་བརྗོད་འདུག
དེ་བཞིན་ཁོང་གིས་ཁོ་མོའི་ལག་ཐོག་ཁ་དཔར་དེ་ཆག་པའི་རྐྱེན་གྱིས་ཕྱི་ནང་ལ་འབྲེལ་བ་བྱེད་མ་ཐུབ་པ་དང་བཟའ་ཟླ་ལིའུ་ཤའོ་ཕུའུ་ཕྱི་ཚེས་ ༩ཉིན་ཐུག་འཕྲད་བྱུང་བ་དང་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་བའི་གནས་ཚུལ་ཞུས་སྐོར་དང་རྗེས་སུ་འབྲེལ་བ་ཞུ་ཆོག་སྐོར་ཀྲུ་ལྦི་ཀྲར་བརྒྱུད་གནས་ཚུལ་བཏང་ཡོད་པ་རེད་
ཡང་ལིའུ་ཤའོ་ཕུའུ་ཡིས་ཁོང་གི་བཟའ་ཟླ་ལུའི་ཤའ་ཡིས་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ནང་ཞུགས་མཁན་རྣམས་ཀྱིས་འཚེ་མེད་ཞི་བའི་ཐོག་ཞི་བདེ་དང་རང་དབང་དམངས་གཙིའི་ཆེད་ལུས་སྲོག་བློས་བཏང་གནང་བ་དེར་ཆེ་བསྟོད་ཞུ་གི་ཡིན་ཞེས་གསུང་པ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ལུང་འདྲེན་གནང་འདུག