ཨ་རིའི་དངུལ་ལོར་གྱི་འཛའ་ཐང་ཤུགས་ཆེ་དགོས་སྐོར།

ཨ་རིའི་ནོར་སྲིད་དྲུང་ཆེས་དཔལ་འབྱོར་བསྐྱར་གསོའི་ལས་དོན་ནང་ཨ་རིའི་དངུལ་ལོར་གྱི་འཛའ་ཐང་ཤུགས་ཆེ་དགོས་རྒྱུ་གལ་ཆེ་གསུངས་འདུག

2009.11.12

༄༅༎ཨ་རིའི་ནོར་སྲིད་དྲུང་ཆེ་ཀྲི་མ་ཐི་གའེ་ཐི་ནར་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་བསྐྱར་གསོའི་ལས་དོན་ནང་ཨ་རིའི་དངུལ་ལོར་ཌོ་ལར་གྱི་འཛའ་ཐང་ཤུགས་ཆེ་དགོས་རྒྱུ་དེ་གནད་འགག་ཤིན་ཏ་ཆེ་བ་དང་ཆབས་ཅིག་འཛམ་གླིང་ཐོག་དཔལ་འབྱོར་བསྐྱར་གསོའི་ལས་དོན་ནང་རྒྱ་ནག་གི་འགན་འཁུར་ཆེ་བཞེས་ལེན་པ་དེར་བསྔགས་བརྗོད་ཞུས་ཡོད་པ་རེད།

ཁ་ས་སིང་ག་པུར་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ཡུལ་ཁག་གི་དཔལ་འབྱོར་བློན་ཆེན་གྱི་ལྷན་ཚོགས་གནང་ཡོད་པ་རེད། ལྷན་ཚོགས་ཀྱི་རྗེས་སུ་སྐོང་ཚོགས་གནང་པའི་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་ནོར་སྲིད་དྲུང་ཆེ་གའེ་ཐི་ནར་གྱིས་ཨ་རི་འདི་བཞིན་ཆེས་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཨ་རི་རྒྱལ་ནང་གི་དཔལ་འབྱོར་བསྐྱར་གསོ་བྱེད་པའི་ཐོག་རྒྱལ་སྤྱིའི་ཐོག་དཔལ་འབྱོར་གྱི་གནས་སྟངས་ལྷིང་འཇགས་གཏོང་རྒྱུའི་དམིགས་བསལ་གྱི་འགན་འཁུར་ཆེ་བ་ཡོད་པའི་སྐོར་ངོས་ལེན་གནང་བཞག དེར་བརྟེན་ཨ་རི་རྒྱལ་ནང་གི་དཔལ་འབྱོར་བསྐྱར་གསོ་ཡོང་ཕྱིར་ཨ་རིའི་དངུལ་ལོར་ཌོ་ལར་གྱི་འཛའ་ཐང་མུ་མཐུད་འཕར་གནས་ཐུབ་རྒྱུ་གནད་འགག་ཆེ་བ་དང་མ་རྐང་ཁྲོམ་ར་དང་དངུལ་ཁང་ལ་སོགས་པའི་དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་སྲ་བརྟན་གྱི་ལས་དོན་མུ་མཐུད་སྤེལ་རྒྱུ་དེ་བཞིན་གཞུང་ཕྱོགས་ནས་དཔལ་འབྱོར་རོགས་སྐྱོབ་ཀྱི་ལས་དོན་སོགས་མུ་མཐུད་སྤེལ་རྒྱུ་ཡིན་པའི་སྐོར་གསལ་སྟོན་གནང་པ་དང་ཆབས་ཅིག་འཛམ་གླིང་གི་དཔལ་འབྱོར་བསྐྱར་གསོའི་ལས་དོན་ནང་རྒྱ་ནག་གི་འགན་ཁུར་ཆེ་བཞེས་ལེན་པ་དེར་བསྔགས་བརྗོད་ཡང་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎