ཌེན་མཀ་གཞུང་གིས་བོད་རྒྱ་ནག་གི་ཁོངས་སུ་ངོས་འཛིན་བྱས་པ།

ཌེན་མཀ་གཞུང་གིས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་གསལ་བསྒྲགས་སྤེལ་རྗེས་ཌེན་མཀ་ནང་ཁུལ་རྩོད་གཞིའི་གནད་དོན་ཆགས་འདུག

2009.12.18

༄༅༎ཌེན་མཀ་གཞུང་གིས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་ངོས་འཛིན་གནང་གི་ཡོད་པའི་ཐོག་ཌེན་མཀ་ནང་ཁུལ་གྱི་སྲིད་དོན་ཚོགས་པའི་དབར་རྩོད་གཞི་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག

ཌེན་མཀ་གཞུང་གིས་གཟའ་འཁོར་འདིའི་གཟའ་ཉི་མའི་ཉིན་བོད་དེ་བཞིན་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་ཌེན་མཀ་གཞུང་གིས་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་ཡོད་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བསྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པའི་ཁར་ཌེན་མཀ་ནང་ཁུལ་གྱི་སྲིད་དོན་ཚོགས་པའི་དབར་ལ་ཡང་དེའི་ཐོག་རྩོད་གླེང་ཤུགས་ཆེ་བྱུང་ཡོད་ཅིང་དམིགས་བསལ་ཌེན་མཀ་ཀྱི་ཕྱོགས་འགལ་སྤྱི་ཚོགས་མི་མང་ཚོགས་པའི་ཚོགས་མི་མང་པོ་ཞིག་གིས་ཌེན་མཀ་གཞུང་འཛིན་ཚོགས་པས་གཟའ་ཉི་མའི་ཉིན་སྤེལ་བའི་ཌེན་མཀ་གཞུང་གིས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་ཁས་ལེན་གནང་གི་ཡོད་ལུགས་ཀྱི་སྲིད་བྱུས་གསལ་བསྒྲགས་དེའི་ཐོག་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད་ ཕྱོགས་འགལ་སྤྱི་ཚོགས་མི་མང་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཚོགས་པ་དེས་ཌེན་མཀ་གཞུང་འཛིན་ཚོགས་པའི་སྲིད་བྱུས་ཁག་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་པ་དེར་བསྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ཚོགས་པ་དེའི་རིག་གཞུང་སྡེ་ཚན་གྱི་མགྲིན་ཚབ་མ་ལྕམ་པཱར་ནི་ལི་ཕེ་རེམ་ཡིས་སྤྱི་ཚོགས་མི་མང་ཚོགས་པས་ཌེན་མཀ་གཞུང་གི་གསལ་བསྒྲགས་དེར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡས་དེར་ང་ཚོས་གོ་དོན་གང་ཡང་རྟོསག་མ་སོང་ང་ཚོས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་གསལ་བསྒྲགས་རྩ་བ་ནས་སྤེལ་མྱོང་མེད་ཅེས་གསུངས་ཡོད་པ་རེད་ ཌེན་མཀ་ཀྱི་ཕྱོགས་འགལ་སྤྱི་ཚོགས་མི་མང་ཚོགས་པས་ཌེན་མཀ་གཞུང་གིས་གཟའ་ཉི་མའི་ཉིན་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ལུགས་ཀྱི་གསལ་བསྒྲགས་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་པར་བརྟེན་ནས་ཚོགས་པ་དེའི་ཚོགས་མི་ཁག་ཅིག་གིས་ཚོགས་གཙོ་གནས་དབྱུངས་གཏོང་རྒྱུའི་གྲོས་འགོ་བཏོན་ནས་དེར་ཚོགས་པའི་ནང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་དེ་བཞིན་སྤེལ་ཌེན་མཀ་ནང་ཌེན་མཀ་མི་མང་ཚོགས་པ་དང་དེ་མིན་ཚོགས་གཞན་ཞིག་གིས་ཌེན་མཀ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པའི་ཁར་ཌེན་མཀ་གཞུང་འཛིན་རང་དབང་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཀྱང་ཌེན་མཀ་གཞུང་གིས་གཟའ་ཉི་མའི་ཉིན་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་ཌེན་མཀ་གཞུང་གིས་ཁས་ལེན་ཡོད་པའི་གསལ་བསྒྲགས་སྤེལ་བ་དེར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎