ཡུ་རོབ་མཉམ་འབྲེལ་ཚོཌ་གཙོས་རྒྱ་ནག་ཏུ་འཚམས་གཟིགས།

ཡུ་རོཔ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་གཙོས་དཔལ་འབྱོར་གོང་འཕེལ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་སྐོར་རྒྱ་ནག་ལ་ནན་བརྗོད་གནང་བཞག

2011.05.18

༄༅༎ཡུ་རོཔ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧར་མེན་ལྦེན་རོམ་པའེ་(Herman Van Rompuy)ཡིས་དེ་རིང་རྒྱ་ནག་ནང་གི་གཟིགས་སྐོར་མཇུག་སྒྲིལ་གནང་སྐབས་ དཔལ་འབྱོར་གོང་འཕེལ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་ལག་ཐང་འབྲེལ་ནས་འགྲོ་དགོས་ཀྱི་རེད་ཅེས་རྒྱ་ནག་ལ་ནན་བརྗོད་གནང་བཞག།

སྐུ་ཞབས་ཧར་མེན་ལྦེན་རོམ་པའེ་ཡིས་ལོ་འདིའི་ནང་ཨ་རབ་ཡུལ་གྲུ་ཁག་ཏུ་ཁྲིམས་ཀྱི་དབང་སྒྱུར་དེ་གལ་ཆེ་ཡིན་པའི་མང་ཚོགས་ཀྱི་མངོན་འདོད་མཚོན་པའི་ངོ་རྒོལ་བསྟུད་མར་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་གཞུང་དང་ལྟ་སྤྱོད་ལོགས་ཀར་འཛིན་མཁན་གྱི་དོན་གཉེར་བ་ཚོའི་ཐོག་དམ་བསྒྲཌཤུགས་ཆེ་རུ་བཏང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། དེང་དུས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་མཁན་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང་ཡུལ་དེའི་ནང་ལུགས་མཐུན་གྱི་སྒོ་ནས་ཁྲིམས་ཀྱི་དབང་སྒྱུར་ངེས་པར་དུ་བྱེད་དགོས་ཀྱི་རེད་ཅེས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་རྒྱ་ནག་དང་ཡུ་རོཔ་ཀྱི་རྒྱལ་སྤྱིའི་ཚོང་དོན་སློབ་གཉེར་ཁང་དུ་གསུང་བཤད་གནང་སྐབས་ཡུ་རོཔ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་གཙོས་འགྲེལ་བརྗོད་གནང་བཞག།

རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས་ཉེ་བའི་ཟླ་ཤས་ནང་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་ནག་གི་ཁྲིམས་རྩོད་པ་དང༌། སྒྱུ་རྩལ་བ་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པར་ཡུ་རོཔ་དང་ཨ་མི་རི་ཀ་དང་དེ་མིན་རྒྱལ་ཁབ་གཞན་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎