ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཨོ་ལིམ་པིག་ཏུ་ཕེབས་རྒྱུ་མིན་པ།

བོད་རྒྱའི་འབྲེལ་མོལ་བརྒྱུད་རིམ་ལ་འཕེལ་རྒྱས་བྱུང་མེད་པར་བརྟེན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ཨོ་ལིམ་པིག་ཏུ་ཕེབས་རྒྱུ་མིན་པ་རེད།

2008.07.09

༄༅༎ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ ཧའན་སེ་གར་ཀྲེ་ པོ་ཀྲེ་རིང་ མཆོག་གིས་ཉེ་དུས་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་འཛིན་སྐྱོང་དཔོན་རིགས་དབར་གྱི་འབྲེལ་མོལ་བརྒྱུད་རིམ་ལ་འཕེལ་རྒྱས་གང་ཡང་བྱུང་མེད་པར་བརྟེན། ཕྱི་ཟླ་༨པའི་ཚེས་༨ཉིན་པེ་ཅིང་ནང་ཚུགས་རྒྱུའི་འཛམ་གླིང་ཨོ་ལིམ་པིག་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ནང་མཉམ་ཞུགས་གནང་རྒྱུ་མེད་པ་གནང་འདུག།

ཁ་ས་སྐུ་ཞབས་ ཧའན་སེ་གར་ཀྲེ་ པོ་ཀྲེ་རིང་ མཆོག་གིས་ ད་ཕན་གྱི་གྲོས་མོལ་ཚང་མར་དོན་འབྲས་སོན་པའི་གྲུབ་འབྲས་བྱུང་མེད་དུས། ངོས་ནས་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག།

བོད་རྒྱ་འབྲེལ་མོལ་ལ་འཕེལ་རྒྱས་བྱུང་མེད་ནའང༌། ཕ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ མཆོག་གིས་རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་པིག་འགྲན་ཚོགས་ནང་མཉམ་བཞུགས་གནང་རྒྱུའི་ཐག་གཅོད་གནང་བ་དེར་ ཡོ་རོབ་གྲོས་ཚོགས་ནང་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ཡོ་རོབ་གྲོས་ཚོགས་ནང་གི་ ལྗང་ལྡན་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ ཌེ་ནིཡེལ་ཀོན་སྦེན་ཌིཏ་ ཡིས་སྲིད་འཛིན་སར་ཀོ་ཛིའི་གནང་སྟངས་དེ་ནོངས་དགོས་པའི་བྱ་སྤྱོད་ཅིག་ཡིན་ལུགས་སྐྱོན་བརྗོད་གནང་ཡོད་པ་དང༌། དེ་སྔོན་ཨོ་ལིམ་པིག་རྩེད་འགྲན་སྐབས་མི་ཊར་༢༠༠ རྒྱུག་ཤར་ནང་ཨང་དང་པོ་ལོན་མཁན་དང་ཨི་ཊ་ལིའི་གྲོས་ཚོགས་ནང་གི་འཐུས་མི་ཡིན་པ་ པིཡེ་ཏྲོ་ མེ་ནི་ཡ་ ཡིས་ ཕ་རན་སི་སྲིད་འཛིན་སར་ཀོ་ཛིས་བོད་ཐོག་བློ་འཚབ་བྱ་ཡུལ་གྱི་གནད་དོན་ཚང་མར་ཟུར་བཏོན་བསྐྱུར་འཇོག་གནང་ཡོད་པའི་སྐྱོན་བརྗོད་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎