ཡོ་རོབ་སྤྱི་མཐུན་གྱི་འཐུས་མིས་བོད་རྒྱ་གྲོས་མོལ་དགོས་གསུངས།
2010.10.07
༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ དེ་རིང་རེས་གཟའ་ཕུར་བུའི་ཉིན་གནས་ཚུལ་བཀོད་པར་ལྟར་ན་ འདི་ཚེས་དྲུག་ཉིན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམ་པ་དང་ རྒྱ་ནག་གི་དཔོན་རིགས་ཚོའི་དབར་སྦེ་རེ་སིལ་དུ་མཇལ་འཕྲད་གནང་བའི་སྐབས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་བོད་ཀྱི་གནད་དོན་སེལ་ཐབས་སུ་རྒྱ་ནག་ངོས་ནས་༸གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་དགོས་ལུགས་གསུངས་ཡོད་འདུག
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་མེག་མི་ལེན་སོ་ཀོཀྲ་མཆོག་གིས་ བོད་རྒྱ་གྲོས་མོལ་སླར་གསོ་བྱེད་དགོས་པ་དང་དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཁེཐ་རིན་ཨེཤ་ཀྲོན་མཆོག་༸གོང་ས་མཆོག་མཇལ་འཕྲད་གནང་དགོས་པ་མ་ཟད་ཡོ་རོབ་སྤྱི་མཐུན་ཚོགས་པའི་ནང་དུའང་བོད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མཁན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཅིག་ཀྱང་བསྐོ་བཞག་གནང་དགོས་པ་སོགས་འབོད་སྐུལ་ཞུས་ཡོད་ལུགས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་འདུག
ཡང་གོང་ཞུས་གསལ་བསྒྲགས་ནང་མུ་མཐུད་བཀོད་པར་ལྟར་ན་ དབྱིན་ཡུལ་མནའ་འབྲེལ་གཞུང་གི་ངོས་ནས་ཀྱང་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་སྐོར་ཡང་ཞུས་ཡོད་འདུག