རྒྱ་ནག་གི་དངུལ་ལོར་འཛའ་ཐང་སྤར་ཆ་བྱེད་དགོས་གནོན་ཤུགས།

ཡོ་རོབ་མཐུན་ཚོགས་ཀྱི་ཚོང་དོན་སྐུ་ཚབ་ནས་རྒྱ་ནག་གཞུང་ལ་རྒྱ་མིའི་དངུལ་གྱི་རིན་ཐང་སྤར་ཆ་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ།

2010.04.27

༄༅༎རེས་གཟའ་མིག་དམར་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ཚོང་དོན་སྐུ་ཚབ་ནས་རྒྱ་ནག་གཞུང་ལ་རྒྱ་མིའི་དངུལ་གྱི་རིན་ཐང་སྤར་ཆ་བྱེད་རྒྱུ་ནི་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས་དངུལ་གྱི་རིན་ཐང་སྤར་ཆ་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད།

ཡོ་རོབ་མཐུན་ཚོགས་ཀྱི་ཚོང་དོན་དམིགས་བསལ་སྐུ་ཚབ་ཀ་རེལ་ཌི་གུཁ་Karel De Guchtགྱིས་བཀའ་མོལ་དེ་རྒྱ་ནག་ཏུ་ཕྱག་སྦྲེལ་རྒྱ་ནག་གི་ཚོང་དོན་བློན་ཆེན་ཁྲེན་ཏེ་མིང་Chen Demingདང་མཇལ་འཕྲད་སྐབས་གསུངས་པ་ཞིག་ཡིན་ཞིང་ རྒྱ་ནག་གི་མི་དམངས་ཤོག་ལོར་གྱི་རིན་ཐང་ཕྱི་ལོ་༢༠༠༨ལོར་ཨ་རིའི་ཌོ་ལར་གྱི་རིན་ཐང་ཚད་གཞི་དང་སྦྱར་པ་ནས་བཟུང་དེར་རྒྱ་ནག་གཞུང་གིས་འཕར་ཆགས་བྱེད་དུ་མི་བཅུག་པར་དམ་འཛིན་བྱེད་བཞིན་ཡོད་ན་ཡང་ ད་ཆ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་དངུལ་གྱི་རིན་ཐང་སྤོར་ཆ་བྱེད་དགོས་པ་བརྗོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

ཡོ་རོབ་མཐུན་ཚོགས་ཀྱི་ཚོང་དོན་དམིགས་བསལ་སྐུ་ཚབ་སྐུ་ཞབས་Karel De Guchtགྱིས་པེ་ཅིང་དུ་གསར་འགོད་པ་ཚོར་རྒྱ་ནག་གི་ངོས་ནས་བརྟག་ཐབས་གང་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་ རྒྱ་ནག་གི་དངུལ་གྱི་རིན་ཐང་དམའ་དྲག་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཁོང་དང་རྒྱ་ནག་གི་ཚོང་དོན་བློན་ཆེན་མཇལ་འཕྲད་སྐབས་རྒྱ་ནག་གི་ཚོང་དོན་བློན་ཆེན་གྱིས་རྒྱ་ནག་གི་དངུལ་གྱི་རིན་ཐང་དམའ་དྲག་ཡོད་པར་ངོས་ལེན་མེད་སྐོར་བརྗོད་པ་དང་ཆབས་གཅིག་ རྒྱ་ནག་གི་དཔལ་འབྱོར་ལ་ཁེ་ཕན་ཡོད་ན་མ་གཏོགས་རྒྱ་ནག་གཞུང་ཕྱོགས་ནས་དངུལ་གྱི་རིན་ཐང་ལ་བཅོས་བསྒྱུར་བྱེད་རྒྱུ་མིན་ལུགས་བརྗོད་ཡོད་འདུག།

རྒྱ་ནག་གི་དངུལ་གྱི་རིན་ཐང་དམའ་པོ་ཡོད་པ་དེས་རྒྱ་ནག་གི་དངོས་ཟོག་རིན་གོང་དམའ་པོའི་ཐོག་ནས་ཕྱིར་འཚོང་ཐུབ་རྒྱུར་ཁེ་ཕན་ཡོད་པར་དཔལ་འབྱོར་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད་ ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ རྒྱ་ནག་ནི་དངུལ་གྱི་རིན་ཐང་རྫུན་བཟོ་བྱེད་མཁན་ཞིག་ཡིན་པའི་གྲོས་ཆོད་གཏན་འབེབས་འབྱུང་ཐབས་བྱེད་བཞིན་ཡོད་ཅིང་ གལ་ཏེ་གྲོས་ཆོད་དེ་ལྟར་འཇོག་ཐུབ་ཚེ་རྒྱ་ནག་ཐོག་དཔལ་འབྱོར་ཉེས་ཆད་འགེལ་རྒྱུའི་སྒོ་མོ་ཕྱེ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎