ཡོ་རོབ་ཀྱིས་རྒྱ་ནག་ལ་ལིའུ་ཤའོ་ཕུའུ་གློད་འགྲོལ་ཆེད་འབོད་སྐུལ།

ཡོ་རོབ་མཉམ་མཐུན་ལྷན་ཁང་གིས་རྒྱ་ནག་ལ་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།

2010.12.11

༄༅༎ཡོ་རོབ་མཉམ་མཐུན་ལྷན་ཁང་གི་ཕྱི་འབྲེལ་སྲིད་བྱུས་སྤྱི་ཁྱབ་ཀེ་ཐེ་རིན་ཨེཤི་ཀྲེན་གྱིས་རྒྱ་ནག་གཞུང་ལ་འདི་ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་ནག་གཞུང་གི་བཙོན་འོག་ཡོད་པ་ལིའུ་ཤའོ་པོ་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།   

ཁོང་གིས་མུ་མཐུད་དེ་གསུང་དོན་དེ་རིང་ཉིན་མོ་འདིར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་འཛམ་གླིང་ས་ཕྱོགས་གར་སར་ཁྱབ་བཞིན་ཡོད་པ་ཚོའི་དགོངས་དོན་ལྟར་ངའི་སེམས་ནི་ལིའུ་ཤའོ་པོ་ཁྱེད་མཉམ་དུ་ཡོད། ལིའུ་ཤའོ་པོ་ཡིས་ཞི་བའི་སྒོ་ནས་རྒྱ་ནག་གི་ཆབ་སྲིད་བལྟ་སྤྱོད་བསྒྱུར་བཅོས་གཏོང་དགོས་པའི་ཁོང་རང་གི་བསམ་ཚུལ་གསུང་པའི་རྐྱེན་གྱིས་ཁོང་ད་ལྟ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཅུགས་ཡོད་པ་རེད་དེར་བརྟེན་ཁོང་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བཞག།

དེའི་གོང་དུ་ནོ་བེལ་གྱི་རྒྱལ་ས་ཨོ་སོ་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་བྱ་དགའ་འབུལ་ཡུལ་ལིའུ་ཤའོ་པོ་ཡི་ཞབས་སྟེགས་སྟོང་པའི་ཐོག་གཟེངས་བསྟོད་བྱ་དགའི་མཛད་གཙོ་ཐོབ་ཧོན་ཧེག་ལེནདྲ་གིས་གཟེངས་རྟགས་དེ་བཞག་གནང་མཛད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎