སའི་གོ་ལ་ཉིན་མོ་ཐེངས་༤༠པར་སྲུང་བརྩི།

དེ་རིང་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་སའི་གོ་ལ་ཉིན་མོ་ཐེངས་༤༠པ་སྲུང་བརྩི་ཞུ་གི་ཡོད་པ་རེད་༎

2010.04.22

༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་སའི་གོ་ལ་ཉིན་མོ་ཐེངས་༤༠པ་སྲུང་བརྩི་ཞུ་གི་ཡོད་པ་རེད་༎

སའི་གོ་ལ་ཉི་མོ་ཞེས་འཁོར་ཡུག་ལ་གཅེས་འཛིན་དང་སྲུང་སྐྱོབས་ཀྱི་དྲན་གསོ་ཞུ་རྒྱུའི་ཉིན་མོ་དེ་བཞིན་༡༩༧༠ཐམ་པའི་ལོར་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཏུ་ཨ་རི་བ་གཞོན་སྐྱེས་ཁག་ཅིག་ནས་ཁུལ་དེའི་ནང་ཡོད་པའི་པོའོ་ཀྲོ་མེཀ་Potomacགཙང་ཆུ་གཙང་སེལ་བྱ་རྒྱུའི་ལས་འགུལ་དང་འབྲེལ་མཐོ་རིམ་སློབ་གྲ་ཁག་ནང་འཁོར་ཡུག་ལ་གཅེས་འཛིན་གྱི་སློབ་གསོ་དང་ཟབ་སྦྱོང་སྤྲོད་རྒྱུའི་ལས་རིམ་བརྒྱུད་སྐུལ་བྱས་པ་བརྒྱུད་  སའི་གོ་ལའི་ཉིན་མོ་ཞེས་དུས་ཚེས་སྲུང་བརྩི་ཞུ་སྲོལ་འགོ་འཙུགས་བྱས་ཡོད་པ་རེད་ ད་ཆ་སའི་གོ་ལ་ཉི་མོ་སྲུང་བརྩི་ཐེངས་༤༠བའི་སྐབས་  འཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་སའི་གོ་ལའི་ཚ་དྲོད་རྒྱས་པ་དང་མཁའ་རླུང་སྦག་བཙོག་ གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་  རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཁོར་ཡུག་དང་འབྲེལ་བའི་གཅིག་འགྱུར་གྱི་གནད་དོན་ཆགས་ཡོད་པ་རེད་ལ་ ས་གོ་ལའི་ཉིན་མོ་སྲུང་བརྩི་ཞུ་ཕྱོགས་ཐོག་ནས་ཀྱང་ཁྱད་པར་ཆེན་པོ་སོང་ཡོད་པ་རེད་ ༡༩༧༠ཙམ་ནང་དུས་ཚེས་འདི་ཐོག་མར་སྲུང་བརྩི་ཞུ་སྐབས་འགྲོ་གྲོན་གྱི་ཆ་ནས་ཨ་སྒོར་༡༢༢༠༠༠ཙམ་གྱི་གོ་སྒྲིག་ཞུས་ཡོད་ཀྱང་ད་ཆ་ཉིན་ཅིག་རིང་སའི་གོ་ལའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་ཆེད་ཨ་སྒོར་ས་ཡ་༩ཙམ་གྱི་དངུལ་རྩིས་འགྲོ་གྲོན་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎