དཀར་མཛེས་སུ་མི་གསུམ་འདས་གྲོངས།


2013.04.20
དཀར་མཛེས་སུ་མི་གསུམ་འདས་གྲོངས། རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་གཡག་རྔ་ཟེར་བའི་བོད་དང་ཟི་ཁྲོན་ཞིང་ཆེན་གྱི་ས་མཚམས་ཁུལ་ས་འགུལ་བྱུང་བ།
ཨེ་ཨེཕ་པི།

༄༅༎རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་གཡག་རྔ་ཟེར་བའི་བོད་དང་ཟི་ཁྲོན་ཞིང་ཆེན་གྱི་ས་མཚམས་ཁུལ་དུ་ཕྱི་ཚེས་༢༠འི་ཕྱི་དྲོར་་ས་ཡོམ་འགུལ་ཚད་རིམ་པ་བདུན་ཅན་ཞིག་བརྒྱབ་ནས་ད་ལྟའི་ཆར་མི་གྲངས་༡༥༧རྐྱེན་འདས་དང་། མི་གྲངས་དྲུག་སྟོང་ཙམ་ལ་རྨས་སྐྱོན་ཕོག་འདུག
རྒྱའི་སྐད་དུ་ཡཱ་ཨན་ནམ་བོད་སྐད་དུ་གཡག་རྔ་ཟེར་བའི་ས་ཁུལ་དུ་བརྒྱབ་པའི་ས་འགུལ་དེའི་ཁྱབ་ཁོངས་སུ་གྲོང་ཁྱེར་༡༢དང་རྫོང་༢༨་ཚུད་པའི་ཡུལ་མི་འབུམ་བཞི་ལ་གནོད་འཚེ་བྱུང་ཡོད་པ་རེད། གོང་ཞུས་ས་ཁུལ་དེ་དག་གི་ནང་དུ་ཁམས་དཀར་མཛེས་དང་རྔ་བ་ཡང་ཚུད་འདུག ད་བར་དུ་ཤེས་རྟོགས་བྱུང་བ་ལྟར་ན་ཁམས་དཀར་མཛེས་ཁུལ་དུ་མི་གསུམ་དང་དར་རྩེ་མདོ་རུ་མི་གཉིས་རྐྱེན་འདས་སུ་ཕྱིན་འདུག ད་རེས་ས་འགུལ་ཚད་རིམ་བདུན་ཅན་བརྒྱབ་སའི་གཡག་རྔ་ཁུལ་དེ་བཞིན་ཟི་ཁྲོན་ཞིང་ཆེན་དང་བོད་ཀྱི་ས་འབྲེལ་ཁུལ་ཡིན་པའི་ཁར། བོད་ཀྱི་ཇ་ཡི་ཐོན་ཁུངས་ས་ཁུལ་གཙོ་བོ་དེ་ཡིན་པ་རེད། ད་རེས་གཡག་རྔ་ས་འགུལ་གནོད་འཚེ་བྱུང་རྗེས་རྫོགས་ཆེན་ཤི་སེང་ཆོས་གྲ་ཆེན་མོའི་དགེ་འདུན་འདུས་པ་ཡོངས་ཀྱིས་བསྔོ་བ་སྨོན་ལམ་གནང་ཡོད་པའ་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎