ས་ཡོམ་གྱི་འོག་མི་༦༠ལྷག་རྐྱེན་འདས།

རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ལྷོ་ནུབ་Yunnan དང་Guizhou ནང་དུ་ས་ཡོམ་འགུལ་ཚད་༥.༧བརྒྱབས་ཏེ། མི་༦༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། ༧༣༡ ལྷག་ལ་རྨས་སྐྱོན་བྱུང་འདུག

2012.09.07

༄༅།   །Yunnan ཞིང་ཆེན་གྱི་དཔོན་རིགས་ནས་བཤད་པར་གཞིགས་ན། ད་དུང་ཡང་མི་ཤི་བའི་གྲངས་ཀ་མང་དུ་འགྲོ་ངེས་ཡིན་པ་དང༌། ད་ལྟའི་ཆར་ས་ཡོམ་བརྒྱབ་ཡུལ་ས་ཁུལ་གྱི་འགྲོ་ལམ་ཐོག་ས་དང་རྡོ་སོགས་ཉིལ་ཏེ། འགྲོ་ལམ་འགག་པར་བརྟེན་ནས། ཉེན་སྐྱོབ་རུ་ཁག་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དུ་འབྱོར་ཐུབ་ཀྱི་མེད་པའི་སྐོར་བཤད་ཡོད་པ་རེད། ད་དུང་ས་ཡོམ་གནོད་འཚེ་སྡུག་ཤོས་བྱུང་ཡུལ་དུ། གློག་དང་ཁ་དཔར་སོགས་ཀྱི་འབྲེལ་ལམ་ཡོང་རྫོགས་ཆད་ཅིང༌། རྒྱ་ནག་གི་ས་ཡོམ་རྟོགས་ཞིབ་ལས་ཁང་གིས། འདི་རིང་གི་ས་ཡོམ་དེ་ནི། སྔ་དྲོའི་ཚོུད་༡༡ དང་སྐར་མ་༡༩ ཐོག་རྒྱ་ནག་གི་ལྷོ་ནུབ་Yunnan ཞིང་ཆེན་གྱི་Yiliang ས་གནས་དང་Guizhou ཞིང་ཆེན་གྱི་Weining ས་ཁུལ་གྱི་ས་མཚམས་བར་ལ་བརྒྱབས་ཡོད་པའི་སྐོར་བཤད་ཡོད་པ་རེད།

ས་ཡོམ་གྱི་གནོད་འཚེ་དེ་ཡིས། Yunnan ཞིང་ཆེན་གྱི་Yiliang དང་Daguan ས་ཁུལ་དང༌། དེ་བཞིན་ Zhouyang རྫོང་ནང་གི་མི་དམངས་འབུམ་བདུན་ལྷག་ལ་དཀའ་ངལ་བཟོས་ཡོད་པས་མ་ཟད། ས་ཁུལ་དེ་དག་ནང་ནས་མི་དམངས་འབུམ་གཅིག་ལྷག་ཉེན་གཡོལ་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་རེད།  འོན་ཀྱང་Guizhou ཞིང་ཆེན་གྱི་Weining ས་གནས་གཞུང་གི་དཔོན་རིགས་Chen Bo ཟེར་བས། Guizhou ནང་མི་ཤི་རྨས་བྱུང་མེད་ཀྱང༌།        ཁང་པ་ལོག་པ་དང༌། གནོད་སྐྱོན་བཏང་བ་མང་པོ་བྱུང་ཡོད་པའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎