དཀར་མཛེས་སུ་བོད་མི་ན་གཞོན་བརྒྱད་འཛིན་བཟུང་བྱས་ཡོད་པ།

བོད་ཤར་ཕྱོགས་དཀར་མཛེས་གྲོང་ཁྱེར་ནང་རྒྱ་མིའི་ཉེན་སྲུང་བས་བོད་མི་ན་གཞོན་བརྒྱད་འཛིན་བཟུང་བྱས་ནས་ཉེས་བརྡུང་དྲག་པོ་བཏང་འདུག

2008.05.18

༄༅༎བོད་ཤར་ཕྱོགས་སུ་བོད་མིས་རྒྱ་ནག་གི་དམ་བསྒྲགས་དང་དྲག་གནོན་ལ་གདོང་ལེན་གྱིས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ལྟར་ འདི་ཚེས་ ༡༥ ཉིན་དཀར་མཛེས་གྲོང་ཁྱེར་ནང་བོད་མི་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ ༸གོང་ས་མཆོག་བོད་ནང་ཕྱི་ཕེབས་དགོས་པ་དང་བོད་ལ་རང་དབང་མེད་ལུགས་སོགས་སྐད་འབོད་དང་སྦྲགས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ས་གནས་རྒྱ་མིའི་ཉེན་སྲུང་བས་བོད་མི་ན་གཞོན་བརྒྱད་འཛིན་བཟུང་བྱས་ནས་ཉེས་བརྡུང་དྲག་པོ་བཏང་རྗེས་ གར་སོང་ཆ་མེད་དུ་ཁྲིད་ཡོད་པའི་གནས་ཚུལ་ཨོསེ་ཀྲོ་ལི་ཡ་ནས་དགེ་བཤེས་བསོད་ནམས་ལགས་ཀྱིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་ལྷ་མོ་ལགས་སུ་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎