བོད་ནང་གྲ་བཙུན་ཚོར་རྒས་ཡོལ་འཚོ་དོད་སྤྲོད་རྒྱུའི་གསལ་བསྒྲགས།

བོད་ནང་གི་གྲ་བཙུན་བགྲེས་པོ་ཚོར་རྒས་ཡོལ་གྱི་འཚོ་དོད་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2012.03.15

༄༅༎རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ནང་ད་རིང་གནས་ཚུལ་སྤེལ་བར་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་དགོན་སྡེ་ཁག་གི་ནང་། གྲྭ་བཙུན་ལོ་ན་དྲུག་བཅུ་ཡན་ཆད་སླེབས་པ་ཚོར་ཟླ་རེར་རྒྱ་མིའི་སྒོར་མོ་བརྒྱ་དང་ཉི་ཤུ་རེ་འཚོ་སྣོན་ལྟབུར་མཁོ་སྤྲོད་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་པ་དང་སྦྲགས་རེས་གཟའ་ཟླ་བའི་ཉིན་ལྷ་སའི་ནང་ཡོད་པའི་སེ་ར་དང་གཞན་ཡང་དགོན་སྡེ་ཆེ་ཁག་འགའ་ཤས་ནང་དགེ་འདུན་པ་ཞལ་གྲངས་ ༣༧ ཙམ་ལ་འཚོ་སྣོན་བགོས་འགྲེམས་བྱས་ཡོད་ལུགས་སྤྱི་ཚོགས་བདེ་འཇགས་ལས་ཁུངས་ནས་འགྲེལ་བརྗོད་བྱས་འདུག ཡང་ས་གནས་ཀྱི་འབྲེལ་ཡོད་རྡོ་རྗེ་རྣམ་རྒྱལ་གྱིས། བོད་བརྒྱུད་ནང་ཆོས་དར་ནས་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ཙམ་ཕྱིན་པའི་དུས་ཡུན་དེའི་རིང་། ས་གནས་སྲིད་གཞུང་ནས་འཚོ་སྣོན་སྤྲད་པ་ལོ་རྒྱུས་ནང་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག གོང་ཞུས་འཚོ་སྣོན་གྱི་དངུལ་བབས་དེ་ནི་རྒས་ཁོག་གཞན་ཚོར་འཚོ་སྣོན་སྤྲོད་ཀྱི་ཡོད་པ་ལས་ལྡབ་གཅིག་ཙམ་མང་བ་ཡིན་འདུག ད་རེས་སྲིད་གཞུང་ནས་འཚོ་སྣོན་གནང་བ་དེས་ང་ཚོའི་འཚོ་བའི་གནས་སྟངས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན། ད་བར་འཚོ་དོད་འདི་རིགས་ཐོབ་མྱོང་མེད་ཅེས་བཤད་འདུག ཡང་གོང་ཞུས་འབྲེལ་ཡོད་ནས་འགྲེལ་བརྗོད་བྱས་པར་ལྟར་ན། དགོན་སྡེ་ཁག་གི་ནང་ཡོད་པའི་དགེ་འདུན་པ་དང་བཙུན་མ་གཞོན་པ་ཚོས་ཟླ་རེར་དངུལ་གསོག་འཇོག་བྱས་པ་ཡིན་ན་མ་འོངས་པར་རྒས་ཁོག་ཆགས་པའི་སྐབས་ཕན་ཐོགས་ཡོང་རྒྱུ་ཡིན་སྟབས་འཆར་གཞི་འདི་རིགས་ཀྱང་ངོ་སྤྲོད་བྱེད་ཡོད་ལུགས་བཀོད་འདུག དེ་དང་ཕྱོགས་མཚུངས་གྲྭ་བཙུན་རྣམས་ལ་གཞུང་ནས་འཕྲོད་བསྟེན་གྱི་མཐུན་འགྱུར་ཡང་སྦྱོར་སྤྲོད་བྱེད་རྒྱུ་ཡིན་པ་སོགས་རྒྱ་ནག་གཞུང་ནས་བོད་ནང་གི་དགོན་སྡེ་ཁག་གི་ནང་། རྒས་ཕོག་དང་། འཚོ་སྣོན། འཕྲོད་བསྟེན་སོགས་ཀྱི་མཐུན་འགྱུར་རོགས་རམ་ཡར་རྒྱས་གཏོང་རྒྱུའི་སྐོར་གཞུང་འབྲེལ་ཤིན་ཧ་དང་། ཉིན་རེའི་གསར་ཤོག་སོགས་ཀྱི་ནང་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎