༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་གསོ་གནང་དགོས།


2015.06.30
རྒྱ་ནག་གི་སྲིད་བློན་ལི་ཀེ་ཆང་ཡོ་རོབ་ལ་གཟིགས་སྐོར་སྐབས། ༢༠༡༥།༦།༢༩ རྒྱ་ནག་གི་སྲིད་བློན་ལི་ཀེ་ཆང་ཡོ་རོབ་ལ་གཟིགས་སྐོར་སྐབས། ༢༠༡༥།༦།༢༩
AFP

ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཙོ་འཛིན་གྱིས་རྒྱ་ནག་ལ་བོད་དོན་གྲོས་མོལ་སླར་གསོ་དགོས་པའི་དགོས་འདུན་བཏོན་འདུག
དེ་ཡང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཙོ་འཛིན་གྱིས་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་གསོ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་ནི་རྒྱ་ནག་གི་སྲིད་བློན་ལི་ཀེ་ཆང་འདས་པའི་ཉིན་གྲངས་འགའ་ཤས་རིང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྟེན་གཞི་ཡོ་རོབ་ཀྱི་ཡུལ་གྲུ་སྦེལ་ཇམ་གྱི་རྒྱལ་ས་སྦརཱ་སེལསི་རུ་གཞུང་འབྲེལ་འཚམས་གཟིགས་སུ་བསྐྱོད་ཅིང་། སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་དང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Donald Tuskམཆོག་གིས་ཕྱི་ཚེས་༢༩ཉིན་རྒྱ་ནག་གི་སྲིད་བློན་ལི་ཀེ་ཆང་དང་མཇལ་འཕྲད་སྐབས་རྒྱ་ནག་གཞུང་ཕྱོགསནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་གསོ་དགོས་པའི་དགོས་འདུན་གནང་ཡོད་པའི་སྐོར་རྒྱ་ནག་གི་སྲིད་བློན་དང་ལྷན་དུ་གནང་པའི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་གསལ་བཤད་གནང་ཞིང་། ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཚབས་Tuskགྱིས་ངས་རྒྱ་ནག་ནང་གི་བོད་རིགས་དང་། ཡུ་གུར་མི་རིགས་ཐེ་བའི་གྲངས་ཉུང་མི་རིགས་ཚོའི་རྣམ་འགྱུར་དང་འདུ་འཛོམས་ཀྱི་རང་དབང་གི་གནས་བབས་ཐད་ང་ཚོར་སེམས་འཚབ་ཡོད་པ་གསལ་སྟོན་བྱས་པ་ཡིན་ལ། གནད་དོན་འདི་དང་འབྲེལ་བ་ཡོད་པའི་ཐོག་ནས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་དགོས་རྒྱུའི་དགོས་འདུན་བཏོན་པ་ཡིན་ཞེས་གསུངས་འདུག
ཡོ་རོབ་ཀྱི་གྲོས་ཚོགས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་དེ་རིང་ཕྱི་ཟླ་༦ཚེས་༣༠ནས་༧ཚེས་༣ བར་ཤེས་རབས་ཀྱི་ལམ། ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་འཁྲུངས་སྐར་གྱི་སྲུང་བརྩི་ཞེས་འབོད་པའི་དཔར་གྱི་འགྲེམས་སྟོན་ཞིག་གནང་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎