བལ་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་གནམ་གྲུ་ཞིག་བརྡབས་སྐྱོན།

བལ་ཡུལ་གྱི་ལུང་ཁུག་ས་ཁུལ་ཞིག་ཏུ་ཡུལ་སྐོར་སྤྲོ་འཆམ་པའི་གནམ་གྲུ་ཞིག་བརྡབས་སྐྱོན་བྱུང་ནས་ཕྱི་རྒྱལ་མི་རིགས་ཁག་ཅིག་རྐྱེན་ལམ་དུ་ཕྱིན་འདུག

2008.10.08

༄༅༎ད་རིང་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་ནས་ཤར་ཕྱོགས་ལུག་ལ་ས་ཁུལ་དུ་འཕུར་བསྐྱོད་བྱས་པའི་ཡུལ་སྐོར་སྤྲོ་འཆམ་པའི་གནམ་གྲུ་ཞིག་ལུག་ལའི་གནམ་ཐད་དུ་འབབ་པའི་སྐབས་སྨུག་པའི་ཁེངས་ནས་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་བབས་མ་ཐུབ་པར་བརྡབས་སྐྱོན་གྱིས་གནམ་གྲུར་མེ་འབར་ནས་དེའི་ནང་ཡོད་པའི་འགྲུལ་པ་མི་གྲངས་བཅུ་དགུ་ནས་བཅུ་བཞི་ཕྱི་རྒྱལ་མི་རིགས་ཡིན་པའི་ཁོངས་ནས་བཅུ་གཉིས་འཇར་མན་གྱི་མི་རིགས་ཡིན་འདུག ཡང་ལྔ་བལ་པོའི་མི་རིགས་ཡིན་པ་རེད། གནམ་གྲུ་གཏོང་མཁན་བལ་པོའི་མི་རིགས་ཡིན་པ་ཁོང་རང་ཉིད་མ་གཏོགས་གཞན་འགྲུལ་པ་ཚང་མའི་ཚེ་སྲོག་ཤོར་ཡོད་འདུག

ལུག་ལ་ས་ཁུལ་འདི་བཞིན་བོད་ནས་ཐག་ཉེ་པོ་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་གྱི་ལྟེ་གནས་ཤིག་ཡིན་པ་དང་དེའི་ནང་གནམ་ཐང་ཆུང་ཆུང་ཞིག་ཡོད་པ་དེའི་མིང་ལ་ཧི་ལ་རི་བསྟན་འཛིན་ཞེས་འབོད་ཀྱི་ཡོད་པ་ནི་དེ་སྔ་རི་བོ་ཇོ་མོ་གླང་མའི་སྟེང་ཐོག་མར་རི་འཛེགས་མཁན་ཕྱི་རྒྱལ་བ་ཨེདྲ་མན་ཧི་ལ་རི་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ནོར་རྒྱས་གཉིས་ཀྱི་དྲན་རྟེན་ཚུལ་དུ་སྔ་ལོ་མིང་བསྒྱུར་བྱས་པ་ཞིག་ཡིན་པ་རེད།

ད་རིང་གནམ་གྲུ་བརྡབས་སྐྱོན་བྱུང་བའི་དོན་རྐྱེན་དེ་ནི་ཧ་ཅང་བློ་ཕམ་འོས་པའི་གནས་ཚུལ་ཞིག་རེད་ཅེས་བལ་ཡུལ་གྱི་རི་འཛེགས་ཚོགས་ཆུང་གི་འགོ་འཁྲིད་ཤར་པ་ཨང་ཚེ་རིང་གིས་འགྲེལ་བརྗོད་གནང་འདུག ཁོང་གིས་ཡུལ་སྐོར་སྤྲོ་འཆམ་པའི་དུས་ཡུན་རིང་ལུག་ལ་ས་ཁུལ་གྱི་གནམ་ཐང་དེའི་ཐོག་ཉིན་ལྟར་ཡུལ་སྐོར་སྤྲོ་འཆམ་པའི་གནམ་གྲུ་ལྔ་བཅུ་ཙམ་བབས་ཀྱི་ཡོད་སྟབས་གནམ་གྲུ་གཏོང་མཁན་ཚོར་ཡང་ས་ཆའི་བབས་ཀྱི་དཀའ་ངལ་མེད་པའི་འགྲེལ་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎