༸རྒྱལ་བ་ཀརྨ་པ་མཆོག་གི་སྐོར་གནས་ཚུལ་བཀོད་ཡོད་པ་རེད།

༸རྒྱལ་བ་ཀརྨ་པ་མཆོག་བོད་ཀྱི་གཞོན་ནུ་དང་རྒྱ་ནག་དོགས་པ་ཅན་གྱི་དབར་འབྲེལ་བ་བཟང་དུ་གཏང་མཁན་ཞིག་གནང་སྲིད་པའི་སྐོར་གནས་ཚུལ།

2009.03.02

༄༅༎རོའུ་ཀྲར་གསར་འགྱུར་གྱི་ནང་བོད་ཀྱི་བཀའ་བརྒྱུད་བསྟན་པའི་གསལ་བྱེད་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་བོད་དང་རྒྱ་ནག་གཞུང་གཉིས་ཀས་ངོས་འཛིན་ཞུས་པའི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་དང་དེའང་བོད་ཕྱི་ནང་དུ་བོད་རིགས་ཚོས་དད་གུས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

དེར་བརྟེན་དེ་སྔོན་ལོ་ངོ་དགུའི་གོང་བོད་ནས་རྒྱ་གར་ཁུལ་བཙན་བྱོལ་དུ་ཕེབས་ནས་ད་ཆ་དགུང་གྲངས་ཉི་ཤུ་རྩ་གསུམ་ལ་ཕེབས་པའི་རྒྱལ་བ་ཀརྨ་པ་མཆོག་ནི་མ་འོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸རྒྱལ་ཚབ་ཅིག་གནང་སྲིད་པའི་སྣང་ཚུལ་དང་དེ་བཞིན་ད་ལྟའི་བོད་རིགས་རྒན་རབ་ཚོ་དང་གཞོན་སྐྱེས་ཚོའི་དབར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་དང་དེ་བཞིན་བོད་ཀྱི་གཞོན་ནུ་དང་རྒྱ་ནག་དོགས་པ་ཅན་གྱི་དབར་འབྲེལ་བ་བཟང་དུ་གཏང་མཁན་ཞིག་ཀྱང་གནང་སྲིད་པའི་སྐོར་འཁོད་ཡོད་པ་རེད། རོའུ་ཀྲར་གསར་འགོད་པས་བཅར་འདྲིས་ཞུས་པའི་སྐབས་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་དོན་ལ་རྒན་རབ་དང་གཞོན་སྐྱེས་ཚོའི་དབར་དགོངས་ཚུལ་མི་འདྲ་བའི་བར་ཁྱད་ཀྱི་འབྲེལ་ཟམ་ཞིག་གནང་ཐུབ་པའི་དགོངས་གཞི་ངེས་ཅན་ཞིག་ཡོད་ལུགས་བཀའ་གནང་ཡོད་པ་རེད། དེ་བཞིན་རྒྱལ་བ་ཀརྨ་མཆོག་གིས་གསར་འགོད་པས་བཅར་འདྲིས་ཞུས་པའི་སྐབས་མུ་མཐུད་དེ་བཀའ་གནང་ཡོད་པར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོར་དབུགས་གཏོང་མི་ཐུབ་པའི་འཚོར་སྣང་ལྟ་བུའི་གནོན་ཤུགས་ཚད་ལས་བརྒལ་བའི་བཙན་དབང་དང་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པ་འདིར་ཐུགས་འཕྲལ་གནང་གི་ཡོད་པའི་སྐོར་སོགས་ཀྱི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎