པན་ཆེན་སྐུ་ཕྲེང་བཅིུག་པའི་འཁྲུངས་སྐར་ལ་སྲུང་བརྩི།

རྒྱ་གར་ལྷོ་ཕྱོགས་སྦེང་ལཱོར་གྲོང་ཁྱེར་ནང་བོད་མི་ཚོས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དུས་ཆེན་དེ་ཟས་བཅད་ངོ་རྒོལ།

2011.04.25

༄༅༎རྒྱ་གར་ལྷོ་ཕྱོགས་སྦེང་ལཱོར་གྲོང་ཁྱེར་ནང་བོད་མི་ཚོས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གུང་གྲངས་༢༢ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་དེ་བཟས་བཅད་ངོ་རྒོལ་གནང་ནས་སྲུང་བརྩི་ཞུས་ཡོད་པ་རེད་

བཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་རྒྱ་གར་ནང་ཡོད་པའི་བཀྲིས་ལྷུན་པོ་དགོན་པའི་དང་བླངས་སློབ་ཕྲུག་རུ་ཁག་དང་སྦེང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་ གོང་ཞུས་ཉིན་གཅིག་རིང་གི་བཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་གྱི་སྒྲིག་འཛུགས་དེས་སྤྱི་བསྒྲགས་ཤིག་སྤེལ་གནང་བའི་ནང་པན་ཆེན་རིན་པོ་ཆེ་མཆོག་རྒྱའི་བཙན་འོག་ནས་གློད་བཀྲོལ་ཡོང་རྒྱུར་བོད་མི་དང་བོད་དོན་རྒྱབ་བསྐྱོར་གནང་མཁན་དེ་བཞིན་རང་དབང་ལ་དགའ་བའི་འཛམ་གླིང་མི་མང་ནས་རྒྱ་གཞུང་ལ་གནོན་ཤུགས་མུ་མཐུད་དང་གང་ཉིད་སྐུའི་འཕྲོད་བཞེད་ཇི་འདྲ་ཡོད་མེད་རང་དབང་ལྡན་པའི་ཚོགས་སྡེ་ཁག་དང་མཇལ་འཕྲད་གནང་བཅུག་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་རེད་ རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་གི་ལས་འགུལ་དེར་བཀྲིས་ལྷུན་པོའི་དགོན་པའི་དང་བླངས་སློབ་ཕྲུག་གྲངས་ ༦༠ སྐོར་ཞིག་དང་སྦེང་ལོར་མཐོ་སློབ་ཁག་ནང་ཡོད་པའི་བོད་རིགས་སློབ་ཕྲུག་དང་བལ་གོས་ཚོང་པ་མི་གྲངས་ ༡༠༠ སྐོར་ཞིག་མཉམ་ཞུགས་གནང་ཡོད་པ་རེད་ ཁོང་རྣམས་ཀྱིས་པན་ཆེན་རིན་པོ་ཆེ་སྐུ་ཐོག་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་གང་ཉིད་ཀྱི་ཡབ་ཡུམ་སྐུ་འཁོར་དེ་བཞིན་བྱ་བྲལ་རིན་པོ་ཆེ་བཅས་པ་རྒྱའི་བཙན་འོག་ནས་གང་མགྱོགས་གློད་བཀྲོལ་ཡོང་བའི་རེ་འབོད་གནང་ཡོད་པ་རེད་            ཡང་ཁོང་རྣམས་ཀྱིས་བོད་ཀྱི་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ནང་གི་གནས་སྟངས་དེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་གི་ཡོད་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ནས་ཁོང་རྣམས་ཀྱི་དལྟའི་ཉག་ཁྲའི་དཀའ་སྡུག་ནས་འཕྲལ་དུ་མཐར་ཐབས་ཡོང་བའི་འབོད་བསྐུལ་གནང་ཡོད་པ་རེད་ སྦེང་ལཱོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཟླ་བ་ལགས་ཀྱིས་རྒྱ་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མི་སེར་རྣམས་ཀྱིས་དམངས་གཙོ་དང་ཆོས་དད་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་སྐོར་ཧམ་བཤད་བྱེད་ཀྱི་ཡོད་ནའང་དོན་དངོས་ཐོག་དེང་སྐབས་ཨ་མདོ་རྔ་པ་ཁུལ་གྱི་གནས་སྟངས་དེར་གཟིགས་ན་དེ་ལྟར་མེད་པ་རང་འཕྲོད་གསལ་པོ་རེད་ཅེས་གསུང་འདུག གོང་ཞུས་ལས་འགུལ་ནང་ཞུགས་མཁན་རྣམས་ཀྱིས་དགོང་དྲོ་པན་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་རྒྱའི་བཙན་འོག་ནས་མཐར་ཐབས་ཆེད་མར་མེའི་ཁྲོམ་་བསྐོར་ཞིག་ཀྱང་གནང་རྒྱུའི་འཆར་གཞི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎