གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་བསྐོར༎

རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་མཁན་བོད་མི་གསུམ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་བྱས་འདུག

2012.03.06

༄༅༎ཕྱི་ཟླ་གསུམ་པའི་ཚེས་དྲུག་གི་ཕྱི་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་བཞུགས་སྒར་རྡ་རམ་ས་ལར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ཞིག་འདུ་འཛོམས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་མཁན་བོད་མི་གསུམ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་བྱས་ཡོད་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
ཉེ་ཆར་ཉིན་མ་གསུམ་ནང་ལ་བོད་མི་གསུམ་གྱིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་ནི་དགུང་ལོ་༡༨ ཡིན་པའི་རྡོ་རྗེ་ལགས་དང༌། དགུང་ལོ་༣༣ ཡིན་པའི་རིན་ཆེན་ལགས། གུང་ལོ་༡༩ ཡིན་པའི་ཚེ་རིང་སྐྱིད་ཞུ་བ་གསུམ་ཡིན་ཞིང༌། ཁོང་གསུམ་གྱིས་བོད་ལ་རང་དབང་དགོས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས་པའི་རེ་འབོད་བྱེད་བཞིན་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༣ རེས་གཟའ་སྤེན་པའི་ཉིན་རང་ལུས་མེ་བསྲེག་བཏང་གནང་མཁན་ནི། བོད་མདོ་སྨད་་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཞུ་བ་་ཡིན་པ་དང༌། དེ་རྗེས་ཕྱི་ཚེས་༤ རེས་གཟའ་ཉི་མའི་ཉིན་ཕྲུ་གུ་བཞི་ཡི་ཨ་མ་རིན་ཆེན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པའི་སྒོ་འགྲམ་དུ་ཡོད་པའི་རྒྱ་མིའི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེ་བསྲེག་བཏང་བ་དང༌། ཡང་ ཕྱི་ཚེས་༥ རེས་གཟའ་ཟླ་བའི་ཉིན་རྡོ་རྗེ་ལགས་ཀྱིས་བོད་མདོ་སྨད་རྔ་པ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་༧༠ ཙམ་གྱི་མཚམས་སུ་ཡོད་པའི་གཅའ་ཞང་ཞེས་པའི་ས་གནས་སུ་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད། དེར་བརྟེན་བོད་ཀྱི་བེུད་ལྷན་ཚོགས་ནས་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་མཁན་གསུམ་ལ་མྱ་ངན་དང། ལྷག་དོན་རིན་ཆེན་ལགས་དང་ཚེ་རིང་སྐྱིད་ཞུ་བ་བེུད་གཉིས་ནས་རང་སྲོག་བློས་བཏང་གིས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ལ་བཙན་འཛུལ་དང་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེར་ངོ་རྒོལ་གྱིས་རང་ལུས་མེ་བསྲེག་བཏང་བར་དམིགས་བསལ་གྱི་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་ཞིག་ཡིན་ཞིང༌། མར་མེའི་ཁྲོམས་སྐོར་གྱི་འདུ་འཛོམས་དེའི་ཐོག་བོད་མི་དམངས་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གསུང་བཤད་ནང༌། པེ་ཅིང་དུ་རེས་གཟའ་ཟླ་བ་ནས་འགོ་བཙུགས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཐོག་བོད་ནང་གི་བོད་མི་ཚོའི་དགོས་འདུན་ཁག་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎