དྲུག་བཞིའི་ལས་འགུལ་གྱི་འགོ་ཁྲིད་གྲས་ཤིག་འཛིན་བཟུང༌།

པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་འགོ་ཁྲིད་བྱེད་མཁན་རྒྱ་མི་རིགས་ཀྲུའུ་ཞུ་བ་དེ་དེ་རིང་དངོས་སུ་ནག་ཉེས་ཉེས་བཙུགས་བྱས་ཡོད་པ་རེད།

2009.05.13

༄༅༎ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་འགོ་ཁྲིད་བྱེད་མཁན་རྒྱ་མི་རིགས་ཀྲུའུ་ཞུ་བ་དེ་དེ་རིང་རེས་གཟའ་ལྷག་པའི་ཉིན་ས་གནས་ཉེན་རྟོག་པས་དངོས་སུ་ནག་ཉེས་ཉེས་བཙུགས་བྱས་ཡོད་པ་རེད།

ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་འམ་ཡོངས་གྲགས་སུ་འབོད་པ་བཞིན་གནམ་བདེ་སྒྲོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་འགོ་ཁྲིད་བྱེད་མཁན་རྒྱ་མི་རིགས་ཀྲུའུ་དབྱོང་ཅུན་ཟླ་བ་བདུན་ཙམ་གོང་དུ་ཨ་མི་རི་ཀ་ནང་ནས་རྒྱ་ནག་ནང་ཕྱིར་ལོག་གནང་ནས་ཁོང་རང་གི་ཞུགས་གནས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་སུའུ་ནིང་གྲོང་ཁྱེར་ནས་ས་གནས་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་དང་དེ་རིང་རེས་གཟའ་ལྷག་པའི་ཉིན་ཁོང་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་ཇི་ཡིན་དངོས་སུ་ངོ་སྤྲོད་བྱས་ཡོད་པ་རེད་ཅེས་ཁོང་གི་སྤུན་མཆེད་ཀྲུའུ་ལིན་ཡིས་ཕ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁང་དུ་དེ་རིང་གསལ་སྟོན་གནང་བཞག ཡང་ཀྲུའུ་ལིན་ཡིས་མུ་མཐུད་གསུང་ན་ཁོང་རང་གི་སྤུན་མཆེད་ཀྲུའུ་དབྱོང་ཅུན་ལ་ཨ་མི་རི་ཀའི་ནང་གཏན་སྡོད་ཆོག་པའི་གི་རིན་ཁ་ཌེ་ཞེས་པའི་ཕྱག་འཁྱེར་དེ་ཡོག་རེད། རྒྱ་ནག་གཞུང་གིས་ཁོང་ལ་དོན་མེད་ཀྱི་ནག་ཉེས་ཉེས་བཙུགས་བྱས་པ་དེས་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་བའི་གནད་དོན་ཐོག་ཏུའང་གནོད་འཚེ་ཐེབས་རྒྱུ་ཡིན་ལུགས་བརྗོད་འདུག དེ་ག་ནང་བཞིན་པེ་ཅིང་ནང་གཏན་ཞུགས་གནང་མཁན་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པས་གསུང་ན་ང་ཚོས་ད་ལྟ་ཀྲུའུ་དབྱོང་ཅུན་གི་དོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བརྗོད་འདུག དེ་བཞིན་ཡང་ཨ་རིིའི་ནང་གཏན་སྡོད་རྒྱ་ནག་གཞུང་དང་བལྟ་སྤྱོད་མི་མཐུན་གྱི་ཚོགས་པ་ཁག་ནས་ཀྱང་རྒྱ་མི་རིགས་ཀྲུའུ་དབྱོང་ཅུན་ལ་རྒྱ་ནག་གཞུང་གིས་ནག་ཉེས་ཉེས་བཙུགས་བྱས་པར་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད། ཀྲུའུ་དབྱངོ་ཅུན་ནི་འདི་ལོ་དགུང་གྲངས་བཞི་ཅུ་ཞེ་གཅིག་ལ་ཕེབས་ཀྱི་ཡོད་པ་དང་ཁོང་ལ་ཨ་མི་རི་ཀའི་ནང་ལོ་མང་བཞུགས་ནས་ད་ཆ་ཁོང་ལ་ཨ་མི་རི་ཀའི་ནང་གཏན་སྡོད་ཆོག་པའི་གི་རེན་ཁ་ཌེ་ཞེས་པའི་ལག་ཁྱེར་དེ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎