ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་བོད་ནང་བསྐོར་བསྐྱོད་བྱེད་འཆར།

ཨོ་ལིམ་པིག་གི་དཔལ་འབར་ཉིན་ཤས་ནང་བོད་ནང་བསྐོར་བསྐྱོད་བྱ་རྒྱུའི་འཆར་གཞི་ཡོད་པར་བཙན་བྱོལ་བོད་མིས་ངོ་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་’འདུག

2008.06.17

༄༅༎ཨོ་ལིམ་པིག་གི་དཔལ་འབར་ཉིན་ཤས་ནང་བོད་ནང་བསྐོར་བསྐྱོད་བྱ་རྒྱུའི་འཆར་གཞི་ཡོད་པར་ བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་མི་ཚོར་དྲང་བདེན་གྱི་རྒྱབ་སྐྱོར་དགོས་པ་ལས་ མཛེས་ཆའི་འགྲེམ་སྟོན་དགོས་ཀྱི་མེད་པ་བརྗོད་སྟེ་ རེས་གཟའ་མིག་དམར་ཉིན་ངོ་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད་

དེ་བཞིན་གཟའ་མིག་དམར་ཉིན་ རྒྱ་གར་ནས་བོད་བར་གོམ་བགྲོད་བྱེད་མཁན་གྱི་བོད་མི་ལྔ་བཅུ་ཐམ་པ་དང་ གོམ་བགྲོད་ག་སྒྲིག་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཚོགས་གཙོ་ཁག་གཅིག་བོད་དང་རྒྱ་གར་གྱི་ས་མཚམས་སུ་འབྱོར་སྐབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་འདུག་

བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ངོ་རྒོལ་བྱེད་མཁན་གྱི་བོད་མི་ཚོས་ བོད་ལ་རང་དབང་དང་དྲང་བདེན་དགོས་ཞེས་སོགས་ཀྱི་འབོད་ཚིགས་སྒྲགས་པ་དང་ རྒྱ་མིའི་དམག་མིའི་ཆས་གོས་སྤྲས་པ་དང་ལག་ཏུ་རྩེ་ཆས་མེ་མདའ་འཁྱེར་སྟེ་ དགེ་འདུན་པ་ཚོའི་ཐོག་ཉེས་རྡུང་དྲག་རྩུབ་བྱེད་སྟངས་ཀྱི་སྟོན་པའི་འཁྲབ་སྟོན་གྱི་ལས་འགུལ་ཡང་སྤེལ་འདུག་

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་རོཡེ་ཀྲརསི་གསར་སྤེལ་ལས་ཁང་ལ་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་དཔལ་འབར་བོད་དུ་བསྐོར་བསྐྱོད་བྱ་རྒྱུ་དེ་ནི་ ཕྱི་ཕྱོགས་སུ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སྟོན་ཐབས་ཀྱི་བྱ་སྤྱོད་ཞིག་ཡིན་སྟབས་ བོད་མི་ཚོས་དེ་རིང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཅེས་དང་ དོན་དངོས་བོད་ཀྱི་ད་ལྟའི་གནས་སྟངས་ནི་ བོད་མི་སྟོང་ཚོ་མང་པོས་ད་དུང་མྱ་ངན་བྱེད་བཞིན་པའི་དུས་ཚོད་ཅིག་རེད་ཅེས་གསུངས་འདུག་ལ་ ལྷག་པར་དུ་ཁོང་གིས་ དཔལ་འབར་བོད་ཀྱི་རྒྱལ་ས་ལྷ་ས་བརྒྱུད་བསྐོར་བསྐྱོད་བྱེད་མིན་གྱི་ཐག་གཅོད་བྱེད་པའི་ཐོབ་ཐང་དེ་བོད་མི་ཚོར་ཡོད་དགོས་པ་ལས་ རྒྱ་ནག་གཞུང་ལ་མེད་པ་དེར་ང་ཚོས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎