བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཆོད་སེམས་བརྟན་པོ་དགོས་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཆོད་སེམས་བརྟན་པོ་དགོས་པའི་ནན་སྐུལ་གནང་འདུག

2009.08.09

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཆོད་སེམས་བརྟན་པོ་དགོས་པའི་ནན་སྐུལ་གནང་འདུག

རྒྱལ་སྤྱིའི་འགྲིགས་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་ཐུན་མོང་གི་གོ་སྒྲིག་གནང་བའི་རྒྱ་བོད་ཚོགས་ཆེན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་སྙིང་པོར་རྒྱ་བོད་མཛའ་འབྲེལ་གོང་མཐོར་གཏོང་རྒྱུ་གལ་འགངས་ཆེ་བ་དང་བོད་རྒྱའི་དཀའ་རྙོག་མ་སེལ་བར་འདི་མུར་འཇོག་ཐབས་མེད་པའི་སྐོར་བཀའ་གནང་ཡོད་པ་རེད། དེ་ཡང་སྔར་ལོ་བོད་ནང་གཞི་རྒྱ་ཆེ་བའི་བོད་མིའི་ཞི་བའི་ངོ་རྒོལ་བྱུང་ཡོད་པ་དང་དེ་ནི་མི་རབས་མང་པོར་བོད་མིར་དཀའ་སྡུག་མྱངས་དང་མྱོང་བཞིན་པ་མ་བཟོད་པ་ལས་བྱུང་བ་ཞིག་ཡིན་པས་བོད་མིའི་དཀའ་སྡུག་དང་རྒྱ་བོད་གཉིས་ཀྱི་དཀའ་རྙོག་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་བྱ་དགོས་ཤིང་ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ལྷག་བསམ་གྱི་འཕོངས་ཏེ་རྒྱ་བོད་འབྲེལ་བ་གནང་དཀའ་བ་ཡོད་པས་རྒྱ་མི་རིགས་ལ་འབྲེལ་བ་གང་ཐུབ་གནང་རྒྱུའི་འབད་བརྩོན་གནང་བཞིན་པའི་སྐོར་༸གོང་ས་མཆོག་གིས་བཀའ་གནང་ཡོད་པ་རེད།

ཡང་༸གོང་ས་མཆོག་གིས་རྒྱ་རིགས་མཁས་དབང་བོད་པའི་གནད་དོན་ཤེས་མཁན་དེ་དག་གིས་བོད་པའི་དངོས་ཡོད་གནས་ཚུལ་རྣམས་ཡིག་ཐོག་ལ་བྲིས་པ་དང་ཆབས་ཅིག་མི་གཞན་ལ་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར་བཀའ་གནང་འདུག

༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་སྐབས་རྒྱ་རིགས་མཁས་དབང་མི་སྣ་གང་མང་ཐུག་འཕྲད་གནང་རྒྱུའི་འབད་བརྩོན་གནང་གི་ཡོད་པ་སོགས་བཀའ་གནང་འདུག ཐེངས་འདིའི་ཚོགས་ཆེན་ལ་རྒྱལ་ཁབ་ཁག་བཅུ་གཉིས་ཙམ་ནས་བོད་རྒྱའི་མཁས་དབང་མི་སྣ་བརྒྱ་ལྷག་མཉམ་བཞུགས་གནང་ཐུབ་པ་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎