རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་དགོས།

ཨ་རི་གཞུང་གིས་རྒྱ་ནག་ཐོག་གནོན་ཤུགས་སྤྲད་ནས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་ཐབས་གནང་དགོས་པའི་བསམ་ཚུལ།

2010.08.04

༄༅༎འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་གྲངས་ཉུང་མི་རིགས་དང་ ལྷག་པར་དུ་རྒྱ་ནག་གཞུང་ཕྱོགས་ཀྱི་ཆབ་སྲིད་ལྟ་སྤྱོད་ལ་སྐྱོན་བརྗོད་བྱེད་མཁན་ཚོར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་ཨ་རི་གཞུང་གིས་རྒྱ་ནག་ཐོག་གནོན་ཤུགས་སྤྲད་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་ཐབས་གནང་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད་

དེ་ཡང་ཕྱི་ཟླ་བརྒྱད་པའི་ཚེས་༣ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་ཐོག་ལྟ་ཞིབ་གནང་མཁན་གྱི་འཛིན་སྐྱོང་ཚོགས་ཆུང་ནས་  རྒྱ་ནག་གི་འགྲོ་བ་མིའི་ཐོབཐང་གནས་སྟངས་ཐོག་གི་ཉན་ཞིབ་ལྷན་ཚོགས་ཤིག་སྐོངས་ཚོགས་གནང་ཡོད་པ་དང་ དེའི་ཐོགཨ་རི་གཞུང་གིས་རྒྱལ་སྤྱིའི་དངུལ་རྩའི་དཔལ་འབྱོར་གནས་སྟངས་ཉམས་ཉེས་ཕྱིན་པ་དང་ དེ་བཞིན་བྱང་ཀུ་རི་ཡ་དང་ཨི་རན་གྱི་གནད་དོན་སོགས་ཀྱི་ཐད་རྒྱ་ནག་གི་རྒྱབ་སྐྱོར་དང་མཉམ་ལས་ཡོང་རྒྱུའི་ཆེད་རྒྱ་ནག་གི་འགྲོ་བ་མིའི་ཐོབཐང་གནས་སྟངས་ཐག་གཅོད་བྱ་རྒྱུར་གཡོལ་ཐབས་གནང་གི་ཡོད་པའི་གནད་དོན་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་འཛིན་གནད་དོན་ཐོག་གི་མཁས་དབང་དང་ཉམས་ཞིབ་པ་ཚོས་གསལ་སྟོན་བྱས་ཡོད་པ་དང་ རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚབབཟོ་གིན་ཡོད་ལུགས་ཀྱི་ཉེས་བཙུགས་ཐོག་ནས་རྒྱ་ནག་གཞུང་ཕྱོགས་ཀྱི་ཆབ་སྲིད་ལྟ་ཚུལ་དང་གཅིག་མཚུངས་མིན་པའི་རྩོམ་པ་པོ་དང་ ཁྲིམས་རྩོད་པ་ དེ་བཞིན་བོད་དང་ཤིན་ཅང་གི་གྲངས་ཉུང་མི་རིགས་མི་སྣ་མང་པོ་ཞིག་ལ་ཉེས་བཙུགས་བྱེད་ཀྱི་ཡོད་པའི་སྐོར་བཏོན་ཡོད་པ་རེད་ ཏུད་ཧཨའ་ཞེས་པའི་ རྒྱ་ནག་དང་ཨ་རིའི་གྲོས་མོལ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཇོ་ཤུ་ལྦ་རོ་སེན་ལྦའེག་ཡིས་གསུང་ན་ ཕྱི་ལོ་ཉིས་སྟོང་བརྒྱད་ཙམ་ནས་འགོ་ཚུགས་སྟེ་རྒྱ་ནག་གཞུང་གིས་ཁྲིམས་ཐུན་སྤྱི་ཚོགས་ཐོག་གོམ་སྟབས་མདུན་སྐྱོན་མ་བྱས་པ་དང་ ཐ་ན་དེ་ནས་ཕྱིར་ཤོལ་བྱེད་ཀྱི་ཡོད་པའི་རྣམ་པ་མཐོང་རྒྱུ་ཡོད་ཅིང་  དཔང་རྟགས་མང་པོ་ཞིག་གི་ཐོག་ནས་  རྒྱ་ནག་གཞུང་གིས་རང་ཉིད་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དང་ ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་ཉན་ཞིབ་ལྷན་ཚོགས་ཐོག་གསུང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎