ཕ་ལུང་ཀུང་ཞེས་པའི་རྩ་རླུང་སྒོམ་སྲོལ་གྱི་ལས་འགུལ་སྐོར།

ཕ་ལུང་ཀུང་སྒོམ་གྲུབ་ཆོས་ཚོགས་དེ་རྒྱ་ནག་གི་དམར་པོའི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་བརྒྱུད་ལམ་གྱི་ངོ་བོ་ཞིག་ཏུ་འགྱུར་གྱི་ཡོད་པའི་སྐོར།

2009.04.23

༄༅༎ལོ་ངོ་བཅུའི་གོང་ནས་བཟུང་རྒྱ་ནག་ནང་ཕ་ལུང་ཀུང་ཞེས་པའི་རྩ་རླུང་སྒོམ་གྲུབ་ཆོས་ཚོགས་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་དང་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་རྩ་རླུང་སྒོམ་སྲོལ་དེ་རྒྱ་ནག་ནང་མངོན་གསལ་དོད་པའི་ཉམས་ལན་བྱེད་པ་མཐོང་རྒྱུ་ཁག་པོ་ཆགས་ཡོད་ནའང་ཕྱི་ཕྱོགས་སུ་ཕ་ལུང་ཀུང་རྩ་རླུང་སྒོམ་སྲོལ་དེ་དར་ཁྱབ་ཇེ་ཆེར་འགྲོ་བཞིན་པ་མ་ཟད་ད་ཆ་ལམ་སྲོལ་དེ་བཞིན་ཆོས་ཕྱོགས་ཀྱི་ལས་འགུལ་ཞིག་ནས་རྒྱ་ནག་གི་དམར་པོའི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་བརྒྱུད་ལམ་གྱི་ངོ་བོ་ཞིག་ཏུ་འགྱུར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉིས་སྟོང་གཅིག་ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཕ་ལུང་ཀུང་རྩ་རླུང་སྒོམ་གྲུབ་ཚོགས་པའི་ཙོགས་མི་ལྔ་ཡིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དང་དེ་བཞིན་ཕ་ལུང་ཀུང་ཚོགས་མི་ཁྲི་སྐོར་ལྷག་གིས་རྒྱ་ནག་གཞུང་ལ་ཆོས་དད་རང་དབང་དགོས་པའི་སྐོར་ཞི་བའི་འདུ་འཛོམས་བྱས་པའི་གནད་དོན་སོགས་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཕ་ལུང་ཀུང་རྩ་རླུང་སྒོམ་སྲོལ་དེ་བཞིན་ཁྲིམས་འགལ་ཞིག་ལ་ངོས་འཛིན་བྱས་ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད་ཕ་ལུང་ཀུང་དྲིལ་བསྒྲགས་ལས་ཁུངས་ཞེས་པའི་གནས་ཚུལ་བརྗོད་དོན་དུ་སྔ་ལོ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་ནས་བཟུང་ད་དུང་དམ་བསྒྲགས་ཇེ་ཆེར་སོང་ཡོད་པའི་འགྲེལ་བརྗོད་བྱས་འདུག རྒྱ་ནག་ནང་ཁུལ་དུ་ཕུ་ལུང་ཀུང་རྩ་རླུང་སྒོམ་སྲོལ་གྱི་རང་དབང་སྤུ་ཙམ་མེད་ནའང་ད་ཆ་ཕྱི་ཕྱོགས་སུ་ཧོང་ཀོང་དང་ཐེ་ལྦན།ཨོ་སོ་ཀྲོ་ལི་ཡ།ཨ་རི་བཅས་ཡུལ་ཁག་མང་པོའི་ནང་ཕ་ལུང་ཀུང་ཚོགས་པ་དང་ཚོགས་མི་ཇེ་མང་དུ་འགྲོ་བ་མ་ཟད་ཚོགས་མི་མང་པོས་ཕ་ལུང་ཀུང་ཚོགས་པ་དེ་བཞིན་རྒྱ་ནག་གི་དམར་པོའི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་ཆབ་སྲིད་ཀྱི་བརྒྱུད་ལམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཐེ་ལྦན་ནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡའི་འགྲོ་བ་མིའི་ཁྲིམས་མཐུན་དགེ་རྩ་ཞེས་པའི་འགན་འཛིན་དང་ཕ་ལུང་ཀུང་ཉམས་ལེན་པ་ཐེ་ར་ས་ཆུ་ཟེར་བས་བརྗོད་ན་གལ་སྲིད་རྒྱ་ནག་ནང་དམར་པོའི་སྲིད་གཞུང་མེད་པ་ཡིན་ན་ཕ་ལུང་ཀུང་རྩ་རླུང་སྒོམ་སྲོལ་དེ་རང་དབང་ངང་དར་ཁྱབ་ཆེན་པོ་འགྲོ་རྒྱུ་ངེས་པ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎