རྒྱ་གར་དུ་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ།

རྒྱ་ནག་སྲིད་བློན་མཆོག་རྒྱལ་ས་ལྡི་ལིའི་ནང་ཕེབས་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག

2010.12.16

༄༅༎རྒྱ་ནག་གི་སྲིད་བློན་ལྦན་ཇ་བའོ་མཆོག་ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱ་གར་ནང་ཉིན་གྲངས་གསུམ་རིང་འཚམས་འདྲི་གཟིགས་བསྐོར་གནང་བཞིན་ཡོད་པའི་དུས་ཚོད་དང་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་རྒྱལ་ས་ལྡི་ལིའི་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག དེ་རིང་ཧེ་དར་སྦ་དེའི་ཧ་ལྦུ་སེ་ཞེས་པའི་ནང་། རྒྱ་དཀར་ནག་གི་འབྲེལ་ལམ་སྐོར་གྲོས་མོལ་གནང་ཡུལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ཉེན་རྟོག་པས་བོད་མི་ལྔ་ཙམ་འཛིན་བཟུང་བྱས་ཡོད་འདུག ཡང་ཁ་ས་རེས་གཟའ་ལྷག་པའི་ཉིན་སྲིད་བློན་ལྦན་ཇ་བའོ་ཕེབས་ཡུལ་ས་གནས་ཁག་ཅིག་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྩིས་བྱས་ཀྱང་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་ཆེན་པོ་ཡོད་པར་བརྟེན་ངོ་རྒོལ་གྱི་ལས་འགུལ་དེ་ཙམ་ནུས་པ་ཐོན་པ་ཞིག་སྤེལ་ཐུབ་མེད་པས་མ་ཟད་ལས་འགུལ་སྤེལ་བའི་སྐབས་བོད་མི་བདུན་ཙམ་འཛིན་བཟུང་ཡང་བྱས་ཡོད་འདུག

སྲིད་བློན་ལྦན་ཇ་བའོའི་གཟིགས་བསྐོར་གནང་བའི་རིང་ལྡི་ལིའི་ས་གནས་འབྲེལ་ཡོད་ཁག་དང་ལྷག་པར་དུ་བོད་མིའི་གནས་སྡོད་བྱེད་ཡུལ་མན་ཇུ་ཀྲི་ལ་དང་། རྒྱ་ནག་གཞུང་ཚབ་བཅས་པར་དམིགས་བསལ་ཉེན་རྟོག་མི་སྣ་འགྲེམས་འཇོག་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཡང་གནས་ཚུལ་ནང་གསལ་ལྟར་ན། ད་རེས་སྲིད་བློན་ལྦན་ཇ་བའོ་གཟིགས་བསྐོར་ཕེབས་པའི་དུས་ཚོད་དང་སྟབས་བསྟུན་ནས་རྒྱལ་ས་ལྡི་ལིའི་ནང་། རྒྱ་གར་གྱི་ངོས་ནས་རྒྱ་བོད་འབྲེལ་བའི་སྲིད་བྱུས་བསྐྱར་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཀྱང་བསྐོངས་ཚོགས་གནང་གི་ཡོད་པ་རེད། ལྷན་ཚོགས་འདི་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎