བོད་ནང་གྲྭ་བློ་བཟང་དཀོན་མཆོག་ལགས་བསྐྱར་དུ་འཛིན་བཟུང་།

སྔ་ལོའི་བོད་མིའི་ཞི་རྒོལ་ནང་རྨས་སྐྱོན་ཕོག་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་སླར་ཡང་རྒྱ་མིའི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག

2009.09.12

༄༅༎སྔ་ལོའི་བོད་མིའི་ཞི་རྒོལ་ནང་རྨས་སྐྱོན་ཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཀིར་ཏི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་ཟླ་བ་འདིའི་ཚེས་ཤར་ལ་སླར་ཡང་རྒྱ་མིའི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་གནས་ཚུལ་སྤེལ་དོན་ལྟར་ན་དགུང་གྲངས་༣༤ཕེབས་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་ནི་རྔ་པ་རྫོང་ཇོ་ལེབ་སྡེ་པའི་ཤེར་ཚང་གི་བུ་ཡིན་ཞིང་དེ་སྔ་ཀིར་ཏི་དགོན་པའི་ནང་བཞུགས་སྐབས་ཕྱི་ལོ་༡༩༩༨ལོ་མཇུག་ལ་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཞེས་པ་སྤེལ་སྐབས་དགེ་འདུན་པ་རྣམས་ཀྱིས་དང་ལེན་མ་གནང་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་ཁྲོད་དུ་ཁོང་ཡང་འཛིན་བཟུང་གིས་ལོ་ལྔ་རིང་བཙོན་འཇུགས་བྱས་ཏེ་ཕྱི་ལོ་ཉིས་སྟོང་གསུམ་ལོར་གློད་བཀྲོལ་ཐོབ་ཡོད་པ་རེད། སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་རྔ་པ་རྫོང་ཁོངས་སུ་སེར་སྐྱ་མི་མང་རྣམས་ཀྱིས་ཞི་བའི་ངོ་རྒོལ་ཤུགས་ཆེ་གནང་སྐབས་རྒྱ་མིའི་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་གང་བྱུང་རྒྱབ་སྟེ་དྲག་གནོན་བྱེད་དུས་ཁོང་ལ་མེ་མདའ་ཕོག་ནས་རྨས་སྐྱོན་བཟོས་ཀྱང་ཁོང་འཕྲལ་དུ་འཛིན་བཟུང་བྱེད་མ་ཐུབ་པའི་རྐྱེན་གྱིས་ཉེན་རྟོག་པས་ཀིར་ཏི་དགོན་པར་ཡོད་པའི་ཁོང་གི་སྐུ་མཆེད་གྲྭ་བློ་བཟང་བསྟན་འཛིན་ལགས་གཙོས་པའི་མི་སྤུན་མཆེད་རྣམས་འཛིན་བཟུང་བྱས་ཏེ་ཁོང་འཛིན་བཟུང་བྱེད་ཐབས་བྱས་ཀྱང་འཛིན་བཟུང་མ་ཐུབ་སྟབས་ནང་མི་སྤུན་མཆེད་ཚོ་གློད་བཀྲོལ་བཏང་འདུག ཡིན་ནའི་གྲྭ་བློ་བཟང་དཀོན་མཆོག་དང་བོད་མི་ཁག་ཅིག་འཛིན་བཟུང་བྱ་རྒྱུའི་བསྒྲགས་ཡིག་ཐེངས་མ་འགའ་ཤས་སྦྱར་ཏེ་འཛིན་བཟུང་བྱ་འཆར་བྱས་ཀྱང་ད་བར་འཛིན་བཟུང་བྱེད་ཐུབ་མེད་པ་རེད། འོན་ཀྱང་ཕྱི་ཟླ་དགུ་པའི་ཚེས་ཤར་ལ་གྲྭ་བློ་བཟང་དཀོན་མཆོག་ལགས་གར་ཡོད་ཤེས་རྟོགས་བྱུང་སྟེ་བློ་བུར་དུ་འཛིན་བཟུང་བྱས་འདུག ཡང་ཨ་མདོ་རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པའི་དགུང་གྲངས་༤༥ཕེབས་པའི་དོན་ཁོ་རྒྱག་པ་ཞུ་བ་ཞིག་དང་ཁོང་གི་བཟའ་ཟླ་བསོད་ནམས་ལྷ་ཡང་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག སྔ་ལོའི་ཞི་རྒོལ་སྐབས་སུ་དོན་ཁོ་རྒྱག་པ་ཞུ་བ་འཛིན་བཟུང་བྱས་རྗེས་མཐར་རྒྱ་སྒོར་ཆིག་ཁྲི་ལྔ་སྟོང་ཙམ་ཉེས་ཆད་བཀལ་ཏེ་གློད་བཀྲོལ་བཏང་ཡང་ད་རེས་ཡང་བསྐྱར་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་གྱི་གནས་ཚུལ་ཁ་གསལ་ཞིག་ད་ལྟའི་ཆར་ཤེས་རྟོགས་གང་ཡང་མེད་ པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎