ཟླ་བ་རྗེས་མ་༸གོང་ས་མཆོག་ཕེ་རན་སིར་ཕེབས་དོན་སྐོར།

ཕེ་རན་སིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ནས་ཕེ་རན་སིའི་སྲིད་འཛིན་ལ་ཉེན་བརྡ་བཏང་བ་དེར་སྲིད་འཛིན་ནས་ལན་འདེབས་གནང་འདུག

2008.07.10

༄༅༎ཁ་སང་རེས་གཟའ་མིག་དམར་གྱི་ཉིན་ཕེ་རན་སིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁུང་ཆོན་གྱིས་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་མཆོག་ལ་ཉེན་བརྡ་ཞིག་བཏང་སྟེ་ཟླ་བ་རྗེས་མའི་ནང་ཏཱ་ལའི་བླ་མ་ཕེ་རན་སིར་ཕེབས་སྐབས་ཐུགས་འཕྲད་མ་བྱེད་གལ་ཏེ་ཐུགས་འཕྲད་བྱས་པ་ཡིན་ན་ཕེ་རན་སི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བར་དོ་ཕོག་ཚབས་ཆེ་བཟོ་སྲིད་པ་རེད་ཅེས་བཤད་ཡོད་པ་དེར་རེས་གཟའ་ཕུར་བུའི་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་སར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་ལན་འདེབས་ཤིག་གནང་སྟེ་ ང་དང་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་ཕྱོགས་དེར་རྒྱ་ནག་གཞུང་གི་འདོད་དབང་དུ་འགྲོ་དགོས་རྒྱུ་དེ་འདྲ་ཡོང་ཤེས་ཀྱི་མ་རེད་ཅེས་དང་ མ་ཙང་ནས་གནད་དོན་ཁག་ཅིག་ཐོག་རྒྱ་ནག་གཞུང་གིས་ང་ཚོ་ཡོ་རོབ་མཉམ་མཐུན་ལྷན་ཚོགས་ཀྱི་སར་གསུང་རྒྱུའི་འོས་བབ་ཡོག་མ་རེད་ཅེས་གསུང་ཡོད་པ་རེད་

དེ་བཞིན་ཕེ་རན་སིའི་སྲིད་འཛིན་མཆོག་རྒྱ་ནག་གི་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཐོག་ཕེབས་བཞུགས་གནང་རྒྱུའི་གནད་དོན་དེ་ཚོའི་ཐད་ཚོགས་མི་ཡུལ་ཁག་༢༧གྱིས་དགོངས་ཚུལ་དང་མཐུན་པའི་ཕྱག་བཞེས་བསྟར་རྒྱུ་ཡིན་སྐོར་གསུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎